གསལ་བརྡ།

གསལ་བརྡ།
དགེ་བཤེས་ཤེས་རབ་གྲགས་པ།

མཁྱེན་དཔྱོད་རབ་ཏུ་ཡངས་པའི་བླ་སྤྲུལ་དང་དགེ་བའི་བཤེས་གཉེན་རྣམས་ཀྱི་སྙན་ལམ་དུ་ཞུ་གསོལ།

   གངས་ཅན་ཁ་བའི་ཡུལ་ལྗོངས་ཀྱི་མགོ་ནག་མི་རིགས་ཀྱི་སྙིང་ནོར་གྲུབ་མཐའི་རྒྱལ་པོ་༧གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད། བོད་མིའི་ལོ་རྒྱུས་ཀྱི་མགོ་ཁུངས་ལྟ་བུ་ཞིག་ཡིན་མོད། དེས་ན་བོད་མི་རིགས་ཀྱི་སྙིང་ནོར། རང་རེའི་མེས་པོ་རྣམས་ཀྱིས་ཤུལ་བཞག སྔ་འགྱུར་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་དང་རི་ཁྲོད་གནས་རི་ཁྱད་པར་ཅན་སོགས་མིང་བསྒྱུར་རྩ་མེད་དུ་བཟོས་པའི་ཤུལ་ལྷག ད་ལྟའི་ཆར་དགོན་སྡེ་དང་རི་ཁྲོད་ལྔ་བརྒྱ་ལ་ཉེ་བ་ཙམ་ལས་མེད་ནའང༌། ཡོད་ཚད་གྱི་ལོ་རྒྱུས་ཕྱོགས་གཅིག་ཏུ་བསྡུས་ཏེ་པར་བསྐྲུན་བྱ་རྒྱུའི་སྟ་གོན་བྱེད་བཞིན་ཡོད་པས། དེ་ལུགས་སུ་དབུས་གཙང་དང་ཁམས་ཕྱོགས་ནས་དགོན་སྡེ་ཁ་ཤས་ཤིག་གི་ལོ་རྒྱུས་བདག་གི་ལག་ཏུ་མ་འབྱོར་བས་ཡིག་སྒམ《gorgdawa@yahoo.cn》འདིའི་ནང་དུ་བསྐུར་རོགས་ཞུ་རྒྱུ་དང༌། བསྐུར་སྐབས་ཁ་པར༡༣༩༨༩༩༨༨༢༣༠ ༡༥༢༨༡༥༢༤༣༣༠ ཐོག་ཏུ་འབྲེལ་བ་གནང་རོགས་ཞུས་པ་ཡིན།  སྔོན་ཆད་ཨ་མདོའི་དགོན་ཁག་མང་ཆེ་བའི་བླ་སྤྲུལ་སོགས་ཀྱི་སྐུ་པར་སྒྲོན་མེད་པར་མ་ཟད།   དགོན་སྡེ་ཁག་གི་ལོ་རྒྱུས་འདི་འབྲི་ཁུལ་བྱས་ནས་ལོ་ངོ་ཡང་མང་པོ་ཞིག་འགོར་འདུག་པས།  དེའི་བར་དུ་དགོན་པའི་ཁོར་ཡུག་ཇེ་རྒྱས་སུ་སོང་ངེས་པས། དེའི་གནས་ཚུལ་དང་འབྲེལ་བའི་པར་ལེགས་པོ་རེ་བསྐུར་གནང་ཞུ།།
                                                                       སྤྱི་ལོ༢༠༡༢ .༧ .༡༢ ཉིན་སྒོ་རིགས་ཤེས་རབ་གྲགས་པ་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།