སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེས་རྩེ་གཞུང་སོ་ནག་ནས་བཀའ་དབང་བསྩལ་བ།

སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེས་རྩེ་གཞུང་སོ་ནག་ནས་བཀའ་དབང་བསྩལ་བ།
ཁྱུང་དཀར་ཟླ་བ།1

    ༢༠༡༢ལོའི་ཧོར་ཟླ་དྲུག་པའི་ཚེས་བརྒྱད་ནས་ཚེས་བཅུ་གཉིས་པར་རྩེ་གཞུང་སོ་ནག་བོན་ཕྲུག་གམ་གྲུབ་ཆེན་ནམ་མཁའ་ཐོག་འཛིན་སྤྱི་འདུལ་གར་གྱི་དབང་ཕྱུག་མཆོག་གི་གདན་ས་ཁྱད་པར་ཅན་སོ་ནག་བོན་པོ་ཚང་གི་འདུ་གནས་དཔལ་གཤེན་བསྟན་མདོ་སྔགས་དར་རྒྱས་གླིང་དུ༧སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོས་སྤྱི་འདུལ་ཡི་དམ་རྒྱ་མཚོའི་བཀའ་དབང་ཐེངས་དྲུག་པ་དང་ཞི་ཁྲོ་དམ་པ་རིགས་བརྒྱའི་བཀའ་དབང་རྒྱས་བསྡུས། ཡུལ་དེའི་རྒན་པ་ལོ་ལོན་རྣམས་ཀྱི་འདོད་མོས་ལྟར་འཕོ་བ་འཇའ་གུར་མའི་བཀའ་ལུང་རྒྱས་པར་གནང་ཞིང་། མཇུག་མཐར་བོན་སྐྱོང་དམ་ཅན་རྒྱ་མཚོའི་རྗེས་གནང་དང་བཅས་སྐལ་ལྡན་གདུལ་བྱའི་ཚོགས་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་བཀའ་དྲིན་བསྐྱངས།   གཞན་ཡང་སྐབས་འདི་དང་བསྟུན་ནས་སོ་ནག་བོན་པོ་ཚང་གིས་རེབ་གོང་བོན་མང་རིག་འཛིན་འདུས་པ་རྒྱ་མཚོའི་ཚོགས་ལ་བསྐང་གསོལ་རབ་གནས་སོགས་ཀྱི་སྐྱབས་འཇུག་ཞུས་པ་བཞིན་དུ་ཡུལ་འདིའི་དད་ལྡན་སེར་སྐྱ་ཡོངས་ཀྱི་འདོད་བློ་ཡོངས་སུ་ཚིམས་པར་མཛད་དོ། །

2སོ་ནག་གཤེན་བསྟན་དར་རྒྱས་གླིང་གི་ནང་རྟེན།

3༧ དཔལ་གཤེན་བསྟན་དར་རྒྱས་གླིང་།

4སྐྱབས་རྗེ་བླ་མས་བཀའ་དབང་གནང་བཞིན་པ།

5བླ་སྤྲུལ་རྣམས་ཀྱིས་བཀའ་དབང་ལ་གསན་བཞིན་པ།

6བླ་སྔགས་ཡོངས་ཀྱིས་བཀའ་དབང་ལ་གསན་བཞིན་པ།

7རེབ་གོང་བོན་མང་གིས་མཎྜལ་འབུལ་བཞིན་པ།

8བྱིན་བབས་པའི་གར་ཉམས།

9བླ་སྔགས་ཡོངས་ཀྱིས་བཀའ་དབང་ལ་གསན་བཞིན་པ།

10བླ་སྤྲུལ་རྣམས་ལ་ཕྱག་དབང་བསྐུར་བ།

11བུམ་ཆུ་ལེན་བཞིན་པ།

12དད་ལྡན་སེར་སྐྱ་ཡོངས་ལ་ཕྱག་དབང་བསྐུར་བཞིན་པ།

13དད་ལྡན་མང་ཚོགས་ཀྱིས་བཀའ་དབང་ལ་གསན་བཞིན་པ།

14མང་ཚོགས་རྣམས་ཕྱག་དབང་ལེན་དུ་ཕེབས་པ།

1516རེབ་གོང་བོན་མང་རིག་འཛིན་འདུས་པ་རྒྱ་མཚོས་བསྐང་གསོལ་གསུང་བཞིན་པ།

17མང་ཚོགས་རྣམས་ཀྱིས་རེབ་གོང་བོན་མང་རིག་འཛིན་འདུས་པ་རྒྱ་མཚོར་མཇལ་ཁ་ཞུ་བཞིན་པ།

1819བོན་མང་རིག་འཛིན་འདུས་པ་རྒྱ་མཚོས་རབ་གནས་མཛད་བཞིན་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།