རྒྱལ་བའི་བཀའ་ཀློག་ཐེངས་གསུམ་པའི་གནས་ཚུལ་རགས་བསྡུས།

རྒྱལ་བའི་བཀའ་ཀློག་ཐེངས་གསུམ་པའི་གནས་ཚུལ་རགས་བསྡུས།
ཁྱུང་ཟླ།
1༄༅། །ད་ལོར་སྐྱབས་རྗེ་བླ་མ་སྐྱང་སྟོན་རྒྱལ་བའི་དབང་པོ༧དཔལ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་གི་སྐུ་དྲིན་དང་ཐུགས་བསྐྱེད་སྨོན་ལམ་བཟང་པོའི་མཐུ་ལ་བརྟེན་ནས་ཁོང་གི་སློབ་མ་རྒྱ་ནག་པ་གཡུང་དྲུང་རྒྱལ་མཚན་གྱིས་སྦྱིན་བདག་མཛད་དེ་མཚོ་ལྷོ་ཁུལ་ཆབ་ཆ་ཨེར་ཏི་གསས་ཁང་གསང་སྔགས་གཡུང་དྲུང་དར་རྒྱས་གླིང་གསར་བཞེངས་ཀྱིས་ཕྱི་ནང་གི་རྟེན་དང་བརྟེན་པ་ཡོངས་སུ་ལེགས་འགྲུབ་བྱུང་བས། ཧོར་ཟླ་དྲུག་པའི་ཚེས་བཅུ་བདུན་ནས་ཚེས་ཉེར་གཅིག་བར་སྐྱབས་རྗེ་བླ་མ་སྐྱང་སྤྲུལ་རིན་པོ་ཆེ་གཙོ་བྱས་པའི་རེབ་གོང་བོན་བརྒྱ་དགོན་པའི་བླ་གྲྭ་ཉེར་གཅིག་དང་རེབ་གོང་ཕྱོགས་ཀྱི་དགེ་བསྙེན་ཕོ་མོ་ཉི་ཤུ་ལྷག རྒྱ་ནག་ནས་ཕེབས་པའི་སྦྱིན་བདག་ཆེན་མོ་ཧོང་ཡན་མའེ་སོགས་དད་ལྡན་སློབ་མ་བཅུ་གསུམ་བཅས་ཕྱག་ཕེབས་གནང་སྟེ་ཉིན་ལྔའི་རིང་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་ཀློག་འདོན་དང་འབྲེལ་མར་མེ་ཁྲི་ཕྲག་ལྔ་ལྷག་གི་མཆོད་པ་རྒྱ་ཆེར་སྤེལ། ཚེས་ཉི་ཤུའི་ཉིན་སྲིད་པའི་བརྔན་བསང་ཆེན་མོ་བཀྱག་སྟེ་ལྷ་དང་སྲུང་མ་ཡུལ་ལྷ་གཏེར་བདག་གི་རིགས་རྣམས་མཉེས་ཚིམས་དགྱེས་པར་བྱས་ཏེ་ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་པ་དང་ནད་མེད་ཚེ་རིང་བདེ་སྐྱིད་ཡོང་བའི་སྐྱབས་འཇུག་སྨོན་ལམ་གྱི་ཆོ་ག་ལེགས་པར་སྤེལ་གནང་མཛད་པའོ། །

2ཨེར་ཏིའི་གསས་ཁང་གསང་སྔགས་གཡུང་དྲུང་དར་རྒྱས་གླིང་།
3

སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་བཞུགས།

4

རྒྱལ་བའི་བཀའ་རིན་པོ་ཆེ་ཀློག་བཞིན་པ།
5ཁྲི་མཆོད་ཀྱི་ཟུར་ཅིག
6སྐྱབས་རྗེ་བླ་མ་རིན་པོ་ཆེ་གཙོ་བྱས་རྒྱ་ནག་གི་མགྲོན་པོ་རྣམས་ལ་བསུ་མ་བྱེད་བཞིན་པ།
7བསྙེན་གནས་མ་རྣམས་ཀྱིས་སྨོན་ལམ་གསུངས་བཞིན་པ།
8རེབ་གོང་གི་བསྙེན་གནས་མ་རྣམས་དུང་དཀར་དགོན་དུ་ཕྱིན་པ།
9སྲིད་པའི་བརྔན་བསང་འདོན་བཞིན་པ།
10སེར་སྐྱ་ཕོ་མོ་རྒན་གཞོན་རྣམས་ཀྱིས་སྟག་ལའི་མཆོད་རྟེན་ལ་བསྐོར་བ་བྱེད་བཞིན་པ།
1112བརྔན་བསང་འགྱོག་བཞིན་པ།
13བོན་བརྒྱ་དགོན་པའི་ཀྲུའུ་རེན་བསྟན་པ་དར་རྒྱས་ལགས་དང་སྦྱིན་བདག་ཧོང་ཡན་མེས་རྣམ་གཉིས་ཀྱིས་སྡེ་འདིའི་མང་ཚོགས་ལ་ཞལ་བརྡ་གནང་བཞིན་པ།
14རྒྱ་ནག་ནས་ཕེབས་པའི་སློབ་མ་རྣམས་ཀྱི་མཉམ་པར།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།