བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ།

བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ།
ཁྱུང་དཀར་ཟླ་བ།
1

       ཞིག་པོ་བཅོ་བརྒྱད་ཀྱི་ནང་ཚན་ཤེལ་ཞིག་གདུང་ལས་འཁྲུངས་པའི་བླ་མ་ཀུན་བཟང་བསྟན་འཛིན་ནམ་རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཞིང་ཁམས་བགྲོད་པའི་ཟབ་གཏེར་གསང་མཚན་དུ་རིག་འཛིན་ནམ་མཁའ་རང་གྲོལ་སྩལ་ལགས་ཀྱིས་ཞུས་པ་ལྟར། སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་ཉིས་སྟོང་བཅུ་གསུམ་ལོའི་བོད་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ནས་ཉི་ཤུའི་བར་རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བླ་བྲང་མཆོག་གསུམ་མཆོད་པའི་ལྷ་ཁང་དུ་ཚེ་དབང་བོད་ཡུལ་མའི་དབང་ཀ་རབ་འབྱམས་ཡེ་ཤེས་སྤྱི་བླུགས་ཀྱི་དབང་དང་། དེ་མིན་ཚེ་དབང་རྒྱ་ནག་མའི་ལུང་བཅས་ཕྱོགས་སོ་སོ་ནས་ཕེབས་པའི་བླ་གྲྭ་སྐྱ་སེར་ཕོ་མོ་ཡོངས་ལ་བཀའ་དབང་ཟབ་མོའི་དྲིན་གྱིས་བསྐྱངས་ཏེ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་ལགས།།2

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།