རེབ་གོང་བོན་བརྒྱ་དགོན་པའི་ཁྲི་མཆོད་ཆེན་མོ།

རེབ་གོང་བོན་བརྒྱ་དགོན་པའི་ཁྲི་མཆོད་ཆེན་མོ།
ཁྱུང་དཀར་ཟླ་བ།
1

༄༅། །སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ལ་ལྷག་བསམ་དང་དད་པ་ཆེ་བའི་ལྷ་སྡེ་སྤྱི་ནས་འགན་ཡོངས་སུ་འཁུར་ཏེ། རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གིས་ལོ་རེའི་དབྱར་ཟླ་དྲུག་པའི་ཚེས་བརྒྱད་དེ་རྗེ་རྒྱལ་བ་མཉམ་མེད་ཆེན་པོའི་འདས་མཆོད་ཉིན་རྒྱལ་ཡུམ་བྱམས་མའི་ཁྲི་མཆོད་གྱི་ཆོ་ག་རྒྱ་ཆེར་སྤེལ་བཞིན་པ་ལ། ད་ལོ་ཡང་སྤྱི་གཡུང་དྲུང་ལགས་ནས་འགན་གཅོ་བཞེས་གནང་སྟེ་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ཀྱིས་རང་རང་གི་ནུས་ཚོད་དང་སེམས་ཀྱི་ལོངས་ཚོད་དང་བསྟུན་ཏེ་འབྲེལ་ཆེ་ཐོག་ཆུང་བཞག་གིས་མཆོད་མར་རྒྱ་མ་བརྒྱད་བརྒྱ་ལྷག་གིས་མར་མེ་སྒྲོན་ཏེ་རྒྱལ་ཡུམ་བྱམས་མའི་ཁྲི་མཆོད་ཀྱི་ཆོ་ག་རྒྱ་ཆེར་སྤེལ་ཞིང་། སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་ཡང་ཚོགས་དབུར་ཕེབས་ཏེ་བླ་མ་གྲྭ་ཚང་ཡོངས་དང་མཉམ་དུ་སེམས་ཅན་མ་ལུས་རང་བྱུང་གི་འཇིགས་ཉེན་ལས་སྒྲོལ་བ་དང་མཐར་ཐུག་འབྲས་བུ་རྫོགས་སངས་རྒྱས་པའི་སྐྱབས་འཇུག་སྨོན་ལམ་གྱི་རྒྱས་བཏབ་ཅིང་། དད་ལྡན་སྦྱིན་བདག་རྣམས་ལ་སྐུ་རིམ་དང་བསྐང་གསོལ་བསྔོ་སྨོན་སོགས་ཀྱི་སྐྱབས་ཞུ་གནད་འགྲོ་ཞིག་བསྒྲུབས་པ་མ་ཟད། ཕྱི་ལོ་ཡང་འདི་ལས་ལྷག་པའི་ཆོ་ག་གཟབ་རྒྱས་ཤིང་སྤེལ་ནུས་པའི་བཀྲ་ཤིས་སྨོན་ལམ་དང་བཅས་མཇུག་སྒྲིལ་བའོ། །
2བླ་མ་གྲྭ་ཚང་ཡོངས་ནས་ཆོ་ག་གསུངས་བཞིན་པ།
3བོན་བརྒྱ་དགོན་སྨན་རི་བཤབ་སྒྲུབ་སྨིན་གྲོལ་གླིང་གི་ཟུར་ཅིག 4ཁྲི་བ་ཆེན་མོ་གཡུང་དྲུང་དབང་རྒྱལ། 5སྤྲུལ་སྐུ་དཔལ་ཆེན་རྒྱ་མཚོ། 6 7 8 9དད་ལྡན་པ་རྣམས་ཀྱིས་བསྐོར་བ་བྱེད་བཞིན་པ། 10དད་ལྡན་པ་རྣམས་ཀྱིས་བརྐྱངས་ཕྱག་འབུལ་བཞིན་པ། 11བསྐོར་བ་བྱེད་པ། 12ཁ་འགོ་བ་རྣམས་ཀྱིས་དགོན་པ་གཞུང་ལ་དམངས་སྒོར་བཞི་སྟོང་དྲུག་བརྒྱ་ལྷག་གི་མཆོད་སྐོང་དང་གོས་དར་འབུལ་བཞིན་པ། 13ཁ་འགོ་བ་རྣམས་ཀྱིས་གྲྭ་ཚང་ཡོངས་ལ་དམངས་སྒོར་དྲུག་བརྒྱ་སུམ་ཅུ་རེའི་འགྱེད་ཕོགས་འབུལ་བཞིན་པ། 14དད་ལྡན་པ་རྣམས་ཀྱིས་བསང་མཆོད་གཏོང་བཞིན་པ། 15 162013ལོའི་ཁྲི་མཆོད་ཆེན་མོའི་འགན་འཁུར་བ་ཡོངས་ཀྱི་མཉམ་པར།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།