སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་ཀློག་ཐེངས་གསུམ་པ།

སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་ཀློག་ཐེངས་གསུམ་པ།
ཁྱུང་དཀར་ཟླ་བ།
1

 ༢༠༡༣ལོའི་དབྱར་ཟླ་དྲུག་པའི་ཚེས༩ནས་ཚེས༡༣བར་སྔོན་ལོ་དག་དང་འདྲ་བར་སྐྱེ་འགྲོ་ཡོངས་ལ་ནད་མུག་མཚོན་འཁྲུག་དང་རང་བྱུང་འཇིགས་ཉེན་གང་གི་གཙེ་བས་ཀྱང་མ་གནོད་པར། ཡུལ་ཁམས་སུ་བཀྲ་ཤིས་ཤིང་སེམས་ཅན་འཁོར་བའི་སྡུག་བསྔལ་ལས་སྒྲོལ་ཕྱིར༧སྐྱབས་རྗེ་བླ་མ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོ་བྱས་བའི་རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བླ་གྲྭ༢༥ལྷག་དང་རྒྱ་ནག་ནས་ཕེབས་པའི་དད་ལྡན་བུ་སློབ་སྐོར་ཅིག་དང་བཅས་མཚོ་ལྷོ་ཆབ་ཆ་ཨེར་ཏིའི་ཕྱོགས་སུ་ཕེབས་ཏེ་རྒྱལ་བའི་བཀའ་ཀློག་ཐེངས་གསུམ་པའི་ཆོ་ག་རྒྱ་ཆེར་སྤེལ་བ་དང་། སྲིད་པའི་བརྔན་བསང་ཆེན་མོའི་ཆོ་ག་སྤེལ་སྐབས་བར་སྣང་ནས་ངོ་མཚར་རབ་ཏུ་ཆེ་བའི་འཇའ་ཚོན་ཡུག་ཅིག་ཀུན་གྱི་འདྲེན་བྱེད་མིག་གི་དགའ་སྟོན་དུ་ཤར་བས་བཀྲ་ཤིས་རྟེན་འབྲེལ་གྱི་མཚན་མ་ལེགས་པར་སྨིན་པའི་གནས་ཚུལ་རགས་བསྡུས་ཙམ་མོ།།2 3 4 5 6 7 8 9 10 11

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།