ཆེས་མཇུག་མཐའི་ཉིན་གྱི་གཡུང་དྲུང་བོན་གྱི་གལ་ཆེན་ཚོགས་ཆེན་གསུམ་འཚོགས་པའི་སྐོར་གྱི་གནས་ཚུལ།

ཆེས་མཇུག་མཐའི་ཉིན་གྱི་གཡུང་དྲུང་བོན་གྱི་གལ་ཆེན་ཚོགས་ཆེན་གསུམ་འཚོགས་པའི་སྐོར་གྱི་གནས་ཚུལ།
རྩོམ་པ་པོ། ཁྲི་བསོད་བསྟན་གྱིས་བསྒྲིགས། ཡོང་ཁུངས། ཧི་མ་ལ་ཡའི་བོན།

1  ཚེས་4ཉིན་གྱི་སྔ་དྲོ། ཆུ་ཚོད་9:00སྟེང་། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་གཏན་ཁེལ་གནང་བའི་མཇུག་སྡོམ་ཚོགས་འདུ་འཚོགས་པ། གྲྭ་ཚང་རྣམས་སྔར་བཞིན་གླིང་ཚན་བཞི་ཡི་འཆད་རར་འཚོགས་ནས་མཚན་ཉིད་གཞུང་ལུགས་དུ་མའི་རྩོད་པ་གནང་བ་དང་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་གཙོ་ཚང་དགོན་པར་ཕེབས་ནས་གསོལ་ཇ་བཞེས་ཤིང་ལྷ་ཁང་རྟེན་གསུམ་རྣམས་ལ་མཇལ་བ་དང་རབ་གནས་མཛད་པ།2
ཉིན་གུང་གི་དུས་ཚིགས་ལ། བླ་སྤྲུལ་རྣམས་ཀྱིས་ཞང་ངུ་ཁོག་གི་ལྷ་སྡེའི་མང་ཚོགས་དང་གཟི་རྩ་སྡེ་དགུ་སོགས་ཕྱོགས་གཞན་ནས་ཡོང་བའི་དད་ལྡན་མང་ཚོགས་རྣམས་ལ་མཇལ་ཁ་གནང་བ།3
4 5  ཆུ་ཚོད་14:00—16:00བར། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ངོས་ནས། སྔར་མཉམ་འབྲེལ་མཐུན་ཚོགས་ཀྱི་འཚོགས་འདུ་ཆེ་ཆུང་བསྡུ་མཁན་གྱི་དགོན་སྡེ་ཁག་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་དང་པོ་དང་། བོན་དང་འབྲེལ་བའི་བགྲོ་གླེང་ཆེན་མོ་འདི་དག་ལ་མཐོང་ཆེན་ཡོད་པ་དང་རྒྱབ་སྐྱོར་ཡོད་པའི་ངོས་ནས་ཕེབས་མཁན་གྱི་དགོན་སྡེ་རྣམས་ལ་དྲན་རྟེན་ལེགས་སྐྱེས་གནང་བ།6 7  ཆུ་ཚོད་16:00སྟེང་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་རྟོགས་ལྡན་སྐལ་ཁོ་ལགས་ཀྱིས་མདོ་འཛིན་མཛད་པ་དང་། དགའ་མལ་དགོན་ཁག་གི་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་ནས་ཚོགས་ཆེན་གསུམ་མཇུག་བསྡུ་བའི་གསུང་བཤད་གནང་བ་དང་། དེ་བཞིན་དགའ་མལ་དགོན་པའི་ཀྲུའུ་རིན་ཨ་ཁུ་ནམ་ནམ་གྱིས་གསུང་བཤད་གནང་བ། ཚོགས་པའི་དྲུང་ཡིག་ཆེན་མོ་གདོང་བཙུན་རྒྱ་ཐར་ལགས་ཀྱིས། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པའི་ཐོག་གི་གྲོས་ཆོད་གལ་ཆེན་དོན་ཚན་འགའ་ཁྱབ་བསྒྲགས་དང་གསལ་བཤད་གནང་།8  ཚོགས་གཙོ་སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་ནས། གལ་ཆེའི་གསུང་བཤད་ནང་སྔར་གྱི་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་དེ་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆོག་འཆན་ཐོབ་པ་ཁྱབ་བསྒྲགས་མཛད་པ་དང་བཀྲ་ཤིས་སྨོན་འདུན་གྱི་གསུང་བཤད་གནང་བ་བཅས་ཆུ་ཚོད17:00སྟེང་། ཐེངས་འདིའི་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་དང་བོ། བོན་དང་འབྲེལ་བའི་བགྲོ་གླེང་བཅས་ཀྱི་མཇུག་ཡོངས་སུ་རྫོགས་ཏེ་གྲོལ་བའོ།།9 10མཇུག་མཐར། ཐེངས་འདིའི་གསར་འགོད་པ་སྙན་བཟང་བསོད་ནམས་གཡུང་དྲུང་བདག་གིས། ཚོགས་པ་འདིའི་དྲུང་ཡིག་པའི་མིང་ཙམ་ཁུར་ཡོད་པའི་ཆ་ནས། རེབ་གོང་སྔགས་པ་བོན་གཤེན་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཚབ་ཞུས་ཏེ། གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཐེངས་གསུམ་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་རྒྱུན་ལས་རྣམས་དང་། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་དང་བོ་དང་། བོན་དང་འབྲེལ་བའི་བགྲོ་གླེང་ཆེན་མོ་བཅས་ལ་ཞུགས་མཁན་ཡོངས་དང་། ལྷག་པར་དུ་ད་ཐེངས་ཤར་ཡུལ་དགའ་མལ་དགོན་ཆེན་དུ་ཚོགས་ཆེན་གསུམ་ལྷན་དུ་གཟབ་རྒྱས་ངང་ཚོགས་ཐུབ་པ་འདིའི་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་མཁན་གཙོ་བོ་དགའ་མལ་དགོན་ཁག་གི་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དགའ་མལ་དགོན་ཁག་བཤད་སྒྲུབ་སློབ་གླིང་གི་དཔོན་སློབ་ཤེས་རབ་མཐར་ཕྱིན། ཤར་བ་སྣང་ཞིག་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག རིན་སྤུངས་ཚུལ་བསྟན་བཅས་འབྲེལ་ཡོད་མི་སྣ་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།། །། 11

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།