རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ་བཞེངས་བཞིན་པའི་གནས་ཚུལ་རགས་བསྡུས།

རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ་བཞེངས་བཞིན་པའི་གནས་ཚུལ་རགས་བསྡུས།
ཁྱུང་དཀར་ཟཟླ་བ།
1འགྲུབ་ལ་ཉེ་བའི་ཟངས་སྐུ་ཆེན་མོ།

      སྤྱི་ལོ2013ལོའི་ཧོར་ཟླ་དགུ་བའི་ཚེས་གཅིག་ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་སྟེང་། རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་གཡས་རིའི་ཆར་གསར་དུ་བཞེངས་བཞིན་པའི་རྣམ་མཁྱེན་སྟོན་པ་གཤེན་རབ་རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོ་ཁྲི་ཚད་ཞེ་བརྒྱད་ཅན་གྱི་སྲོག་ཤིང་ཁྲི་ཚད་སོ་གཉིས་པ་དེ་ཉིད ༧ དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་གཙོ་བྱས་པའི་རང་དགོན་གྱི་བླ་གྲྭ་ཡོངས་ཀྱིས་གདན་འདྲེན་ལེགས་པར་ཞུས་ཤིང་། དེ་དང་ཆབས་ཅིག་རྒྱལ་བའི་བཀའ་རིན་པོ་ཆེ་དང་མདོ་གཡུང་དྲུང་ཀློང་རྒྱས་སོགས་ཁྱོན་བསྡོམས་གླེགས་བམ་སུམ་ཁྲི་ཆིག་སྟོང་ལྷག་ཙམ་གྱིས་གཙོས་རྟེན་གསུམ་སྣ་ཚོགས་ཀྱི་གཟུངས་གཞུགས་རྒྱས་པར་བཞུགས་སུ་གསོལ་བའི་གནས་ཚུལ་རགས་བསྡུས་ཙམ་མོ། ། གནས་ཚུལ་ཞིབ་ཕྲ་རབ་གནས་གྲུབ་རྗེས་འགོད་པར་བྱའོ། །2 3 4 5 6 7རྒྱལ་བའི་གསུང་རབ་གདན་འདྲེན་ཞུ་བཞིན་པ།
8 9 10སྲོག་ཤིང་དང་བཀའ་རྟེན་སོགས་ཀྱི་གཟུངས་གཞུག
11
ཟངས་སྲུབས་འཇམ་བརྡར་གཏོང་བཞིན་པ།
12
གསེར་གདན་འབུལ་བཞིན་པ།
13
གསེར་འབུལ་བཞིན་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།