གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།

2159155953

༢༠༠༧ལོའི་སྤྱི་ཟླ༡༢ཚེས༡༣ཉིན༼གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས༽ རྩོམ་སྒྲིག་ཚོགས་འདུ་ཐེངས་དང་པོ་དེ།མདོ་སྨད༼ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱ་ཤང་༽རྩེ་དབུས་དགོན་པ་ནས་གཟབས་རྒྱས་ངང་འཚོགས།།
དེ་ཡང་༼གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས༽དང་ཐེངས་འདིའི་གྲོས་ཚོགས་ཀྱི་འགྲོ་གྲོན་ཡོངས་རྫོགས་ལ་རྩེ་དབུས་དགོན་པའི་དགོན་བདག་བླ་མ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་མ་དངུལ་འབོར་ཆེན་བཏངས་ནས།གངས་ལྗོངས་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བླ་མ་དང་དགེ་བའི་བཤེས་གཉེན། བོད་ཀྱི་རིག་གནས་ལ་ཆེད་མཁས་ལྷན་རྒྱས་བཞི་བཅུར་ཉེ་བ་ཚོགས་འདུ་ལ་ཞུགས། གྲོས་ཚོགས་ཉིན་གསུམ་གྱི་རིང་ལ༼གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས༽ཇི་ལྟར་པར་བསྐྲུན་དང་ཞུ་དག་གི་སྐོར་ནས་གྲོས་བསྡུར་བྱས་ཤིང་། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་བྲིས་གནང་མཛད་པའི་དཔེ་ཚོགས་ཀྱི་དཀར་ཆག་དེ་རྨང་གཞིར་བཟུང་ནས།བོད་གངས་ཅན་དུ་སངས་རྒྱས་ཀྱི་ཆོས་ལུགས་སྔ་དར་གཡུང་དྲུང་བོན་གྱི་གསུང་རབ་གླེགས་བམ་ཆེ་ཆུང་བརྒྱ་དང་བཅུ་བདུན་ཙམ་དེབ་གྲངས་ཉི་ཤུ་རྩ་ལྔར་འགོད་པའི་དཀར་ཆག་གཏན་ལ་ཕབ་ནས་ཚོགས་འདུ་གྲོལ།།
༢༠༠༨ལོའི་སྤྱི་ཟླ༡ཚེས༡༠ཉིན༼གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་༽ཀྱི་ཐོག་མའི་ལས་ཀ་དེ། རྩེ་དབུས་དགོན་པ་ནས་དངོས་སུ་གཉེར་འགོ་ཚུགས། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་ནས། གཞུང་ལས་ཁང་གཉིས་དང་གློག་ཀླད་བཅུ་དྲུག་སོགས་མཁོ་ཆས་མཐའ་དག་བཀོད་སྒྲིག་ལེགས་པར་གནང་བས། ཡིག་བཏགས་པ་དང་ཞུ་དག་པ་མི་སུམ་ཅུ་ལྷག་རྒྱུན་ལས་སུ་ཞུགས།།
ཕྱོགས་གཞན་ནས་རོགས་རམ་དང་གདན་འདྲེན་བྱས་པ།སྤྱི་ཟླ༣ ཚེས ༡ ཉིན། མཚོ་སྔོན་རེབ་གོང་བོན་བརྒྱ་དགོན་པའི་མཁན་པོ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས། གཙོ་སྒྲིག་གཞོན་པ་དང་ཞུས་ཆེན་པའི་འགན་ཁུར་ནས་ཕྱག་ལས་ལ་དངོས་སུ་ཞུགས།། སྤྱི་ཟླ༤ཚེས༢༥ཉིན། བོན་བརྒྱ་དགོན་པའི་གྲྭ་བཙུན་ཁྲི་བསོད་བསྟན་ཡིག་བཏགས་ཀྱི་ལས་ལ་ཞུགས།། སྤྱི་ཟླ༥ཚེས༢༨ནས་ཉིན་བཅུའི་རིང་ལ་མཚོ་སྔོན་དུང་དཀར་དགོན་པའི་ཀྲུའུ་རིན་དཔལ་འབྱོར་ཉི་མ་རྩེ་དབུས་དགོན་དུ་ཕེབས་ནས་དཔེ་བསྡུར་གྱི་རོགས་རམ་གནང་།། སྤྱི་ཟླ༦ཚེས༡༦ནས་སྤྱི་ཟླ༧ཚེས༡བར་དུ། མཚོ་སྔོན་ཁྲི་ཀ་ཁྱུང་མོ་དགོན་པའི་ཀྲུའུ་རིན་གཡུང་དྲུང་ལྷུན་གྲུབ་ཀྱིས་རྩེ་དབུས་དགོན་ནས་དཔེ་བསྡུར་ཀྱི་རོགས་རམ་གནང་།། སྤྱི་ཟླ༦ཚེས༡༧ཉིན།མཚོ་སྔོན་ཁྲི་ཀ་སེ་བརྒྱ་བོན་མང་གི་སྤྲུལ་སྐུ་ད་ལྟ་ང་ཚོས་སྙིང་ཐག་པ་ནས་གུས་བཀུར་དང་ཡི་རང་གི་གནས་སུ་ཆེས་མཐོ་བ་ནི། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་ཐོག་མཐའ་བར་གསུམ་ཀུན་ཏུ་ཐུགས་ཁུར་དང་མ་དངུལ་འབོར་ཆེན་བཏང་ནས་སྒྲུབ་པའི་གནའ་རབས་བོད་ཀྱི་ཤེས་རིག་གི་ཆུ་གཏེར་ཆེན་པོ་ལས༼གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་༽ཡིག་བཏགས་དང་ཞུ་དག་གི་བྱ་བ་རྒྱལ་ཁའི་ལམ་བཟང་ན་མདུན་དུ་སྐྱོད་བཞིན་པ་འདི་རེད།།

༢༠༠༨ ལོའི་སྤྱི་ཟླ ༧ ཚེས ༢༩ ལ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།