གསལ་བསྒྲགས།

wangjia1
བོད་མདོ་དབུས་ཁམས་གསུམ་ན་བཞུགས་པའི་བླ་སྤྲུལ་དང་བཅས་པའི་སྐྱ་སེར་བོན་འབངས་ཡོངས་ལ།
འཛམ་གླིང་མཁས་མང་དབུས་ན་གྲགས་སྙན་གྱི་བ་དན་དགུང་དུ་འཕྱོ་བའི་བདག་ཅག་གི་སྐྱབས་གནས་དམ་པ་མ་ཧཱ་པཎྚི་ཏ་ཆེན་པོ་མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་ཉིད་དགུང་གྲངས་བརྒྱད་ཅུར་བཞེས་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྤྱི་ལོ2014ལོའི་ཧོར་ཟླ་དང་པོའི་ཚེས1ནས་ཚེས10བར་སྤེལ་རྒྱུ་ཡིན་པས། རྒྱ་ཆེའི་སྐུ་མགྲོན་རྣམས་དུས་ལྟར་ཕེབས་པར་དགའ་བསུ་ཡང་ཡང་ཞུའོ།།

  ཞེས་རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་འདུས་སྤྱི་དང་། རེབ་བོན་མང་རིག་འཛིན་འདུས་པ་རྒྱ་མཚོ་འདུས་སྤྱི་ནས།
༢༠༡༣.༡༢.༡༥ཉིན།

གསལ་བསྒྲགས།” སྟེང་དུ་དཔྱད་མཆན 1 ཡོད།

  1. བདག་ཅག་གི་རྩ་བའི་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེའི་སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།