རྗེ་བླ་མ་བོན་བརྒྱ་རིན་པོ་ཆེའི་གྱ་སྟོན་གནས་ཚུལ་རགས་བསྡུས།

   DSCF7851

འཛམ་གླིང་མཁས་མང་དབུས་ན་གྲགས་སྙན་གྱི་བ་དན་དཀར་པོ་དགུང་དུ་གཡོ་བའི་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ ༧ མ་ཧཱ་པཎྚི་ཏ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་ཉིད་དགུང་གྲངས་བརྒྱད་ཅུ་བཞེས་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ལོ་སར་ཚེས་གཅིག་ཉིན་ནས་འགོ་བརྩམས་པ་ལ། ཚེས་གཅིག་ནས་ཚེས་བཞིའི་བར་ཤོག་ཁ་སོ་སོ་ནས་གླུ་དང་གར། རྡུང་ལེན། ཞབས་བྲོ། བཤད་པ། སྙན་ངག་གྱེར་འདོན་ལ་སོགས་པའི་རྩེད་རིགས་སྣ་ཚོགས་ཀྱིས་རང་གི་རྩ་བའི་བླ་མ་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པར་རྟེན་འབྲེལ་དང་སྐུ་ཚེ་རྒྱལ་མཚན་ཡུན་དུ་བརྟན་པའི་བཀྲ་ཤིས་སྨོན་འདུན་གྱི་མཆོད་པ་རྒྱ་ཆེར་ཕུལ་བ་དང་། ཉིན་འདི་གར། དགུང་ཨ་སྔོན་དབྱིངས་ནས་ཉི་འོད་འཚེར་ཞིང་། ས་དོག་མོའི་གཞོང་ལ་དྲོལ་ཁོལ་འཁྱིལ་བས་བཀྲ་ཤིས་སྟོང་གི་དགེ་མཚན་མངོན་པར་ཤར། ཉིན་འདི་གར། གཡའ་དག་པའི་མཁའ་ལ་བརྒྱ་རྒྱལ་རྒོད་པོས་ལྡིང་སྐོར་རྒྱག་ལ། རྡུལ་དག་པའི་ས་ལ་སྐྱ་སེར་ཕོ་མོས་འཛུམ་དཀར་བཀྲོལ་བས་རྟེན་འབྲེལ་ཡོ་ལང་འདི་ནས་རྒྱས། ཉིན་རེ་རེའི་རྩེད་མོའི་འཁྲབ་སྟོན་གྱི་སྐབས་སུ་བླ་མ་རིན་པོ་ཆེ་ཁོང་ཉིད་སྐུ་དངོས་སུ་དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་ཕེབས་ནས་ཀ་ར་སིལ་ཏོག་གྱི་ལོ་སྐལ་གནང་བ་ལ་དད་ལྡན་མང་ཚོགས་རྣམས་ཀྱང་དགའ་སྤྲོས་རབ་ཏུ་མྱོས།

       དེ་ལ་གནམ་ལོ་གསར་ཚེས་གྱི་ཐོག་མར་རང་དགོན་གྱི་བླ་གྲྭ་ཡོངས་ཀྱིས་རང་རང་གིས་གྲ་སྒྲིག་བྱས་པ་ནང་བཞིན་སྐུ་གཟུགས་མཆོད་རྟེན་དང་གསུང་རབ་གླེགས་བམ་གྱིས་གཙོས་པའི་སྐུ་གསུང་ཐུགས་རྟེན་གྱི་ལེགས་སྐྱེས་སྣ་ཚོགས་བསྣམས་ཏེ་མཇལ་ཁ་ཞུས་ཤིང་། དེའི་འཕྲོར་ཉིན་དེའི་འགོ་འཛིན་ཤོག་ཁ་སྟེ་སྟོད་ཕྱོགས་བོན་མང་གི་ལོ་ལོན་རྒན་གཞོན་རྣམས་ཀྱིས་རིམ་བཞིན་མཇལ་ཁ་ཞུས། བླ་མ་རིན་པོ་ཆེས་བསྩལ་གནང་བའི་ལེགས་སྐྱེས་སྣ་ཚོགས་ཀྱིས་དད་ལྡན་མང་ཚོགས་ཀྱི་ཡིད་སེམས་རབ་ཏུ་དྲངས་ཏེ་དགའ་བའི་འཛུམ་དང་སྐྱིད་པའི་ཉམས་ཀྱིས་ཆོས་རར་འཛོམས་ནས་དགའ་སྟོན་རྟེན་འབྲེལ་གྱི་རྩེད་མོའི་འཁྲབ་སྟོན་གྱི་འགོ་བརྩམས་པ་རེད།

     ཉིན་གཉིས་པ་སྟེ་ཚེས་གཉིས་ཀྱི་ཉིན་མོར་སྙན་བཟང་བོན་མང་དང་རྩེ་གཞུང་སོ་ནག་བོན་པོ་ཚང་། ཞོ་འོང་ཉིན་ཐའི་བོན་པོ་རྣམས་ཀྱིས་སྔ་ཉིན་བཞིན་གླུ་གར་གྱི་མཆོད་པས་རྟེན་འབྲེལ་ཞུས།

ཉིན་གསུམ་པར་སྨད་ཕྱོགས་བོན་མང་སྟེ་ཁྱུང་པོ་སྨད་པ་དང་གླིང་བརྒྱའི་བོན་ཚང་མ། དར་གྲོང་བཅས་ཀྱིས་གླུ་གར་གྱི་མཆོད་པས་རྟེན་འབྲེལ་ཞུས།

ཉིན་བཞི་བར་ཡར་ནང་བོན་མང་སྟེ་མག་སར་དང་བོན་བརྒྱ། ཀོའི་སྡེ་ཀ་རོང་གསུམ་གྱིས་གླུ་གར་གྱི་མཆོད་པས་རྟེན་འབྲེལ་ཞུས།

ཉིན་ལྔ་བའི་སྔ་དྲོར་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་འཁོར་བཅས་སེར་ཕྲེང་གིས་བསུ་མ་མཛད་པ་དང་། རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས་པའི་བླ་གྲྭ་ཡོངས་ཀྱིས་རྗེ་རྒྱལ་བ་གཉིས་པ་མཉམ་མེད་བླ་མ་རིན་པོ་ཆེའི་གོས་སྐུ་སེར་ཕྲེང་གིས་ཞུས་ཏེ་ལེགས་པར་བཤམས་ཤིང་སྨོན་ལམ་རྒྱ་ཆེར་གསུངས།

ཉིན་དྲུག་པ་ནས་དགུ་བའི་བར་ཕྱོགས་སོ་སོ་ནས་ཕེབས་པའི་བླ་མ་གྲྭ་ཚང་དང་ལས་བྱེད་སྡེ་དམངས་སོགས་ཀྱི་མགྲོན་པོ་རྣམས་ཕེབས་ནས་བཀྲ་ཤིས་རྟེན་འབྲེལ་ཞུས།

ལྷག་པར་ཉིན་དགུ་བ་སྟེ་ལོ་སེར་ཚེས་དགུའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་བ་ཙམ་ནས་བླ་མ་རིན་པོ་ཆེའི་གྱ་སྟོན་གྱི་རིག་རྩལ་སྤྲོ་ཚོགས་ཆེན་མོ་སྟེ༼རིག་འཛིན་བླ་མ་དགྱེས་པའི་མཆོད་སྤྲིན༽ཞེས་པ་གཟབ་རྒྱས་ངང་འཚོགས་པ་དང་བཅས་མཇུག་ཡོངས་སུ་གྲུབ་པར་བྱས་སོ།།
DSCF7354DSCF7468DSCF7467
IMG_1247 IMG_1249 IMG_1250 IMG_1251 IMG_1252 IMG_1253 IMG_1254 IMG_1256 IMG_1257 IMG_1258 IMG_1259 IMG_1260 IMG_1261
DSCF7295    DSCF7313 DSCF7552 DSCF7719 DSCF7804 DSCF7848  DSCF7872 DSCF7949 DSCF8036 DSCF8046
རྗེ་བླ་མའི་དངོས་སློབ་སྐྱིད་བུ་མཁའ་འབུམ་ཚེ་རིང་ལགས་ཀྱིས་བྲིས་གནང་བའི་ཐང་ག
DSCF8136 DSCF8162 DSCF8165 DSCF8178 DSCF8181 DSCF8217 DSCF8431 DSCF8441 DSCF8549 DSCF8653
རྗེ་བླ་མ་རིན་པོ་ཆེས་གྱ་སྟོན་གྱི་ཁ་འགོ་བ་ཡོངས་ལ་ལེགས་སྐྱེས་བསྩལ་བ།
DSCF9098            

རྗེ་བླ་མ་བོན་བརྒྱ་རིན་པོ་ཆེའི་གྱ་སྟོན་གནས་ཚུལ་རགས་བསྡུས།” སྟེང་དུ་དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།