མར་ནང་ཚང་དྲུང་མུའི་དཔེ་ཚོགས།

མར་ནང་ཚང་དྲུང་མུའི་དཔེ་ཚོགས།

རྩོམ་པ་པོ། ཁྲི་གཡུང་དྲུང་།

ཁྲི་གཡུང་དྲུང་གི་“མར་ནང་ཚང་དྲུང་མུའི་དཔེ་ཚོགས་”ཅེས་པའི་དཔེ་དེབ་གསུམ་ངོ་སྤྲོད་རགས་བསྡུས།

17dc9d726f52625a2d8f18128aa3b89b
བོད་ཤིང་རྟ་ལོའི་གནམ་ལོ་གསར་ཚེས་ཀྱི་ཞོགས་པར་ཕྲན་ཁྲི་གཡུང་དྲུང་གིས་བརྩམས་པའི་“མར་ནང་ཚང་དྲུང་མུའི་དཔེ་ཚོགས་”ཞེས་པའི་དེབ་འཕྲེང་གསུམ་དཔར་བསྐྲུན་ལེགས་གྲུབ་བྱུང་ནས་སྒོ་འབྱེད་དང་འགྲེམ་སྤེལ་ཞུ་བཞིན་ཡོད་པ་ལགས་ན་གཤམ་དུ་དཔེ་ཚོགས་འདིར་ཐུགས་སྣང་ཡོད་མཁན་རྣམས་ལ་ངོ་སྤྲོད་རགས་བསྡུས་ཙམ་ཞུ་རྒྱུ་ཡིན།
07925c1f0b7eb7a52e7e7460c7c8a09c
རྩོམ་པ་པོ།

ཁོ་བོ་ཁྲི་གཡུང་དྲུང་ནི་ཡུལ་མདོ་སྨད་མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་ལྷོ་ཕྱོགས་སུ་སྐྱེས་ཤིང་ཕྱིས་སུ་བོད་དུ་སློབ་གྲྭར་འགྲིམས་ཤིང་ཕྱི་ལོ་༢༠༠༣ཙམ་ལ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྱོར་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་འཛུལ་ཞུགས་ཀྱིས་ད་ཆར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་དང་ཐུན་མོང་རིག་གནས་ཁག་ལ་སྦྱངས་བློ་མ་བོར་ཙམ་དུ་མཆིས། ཁོང་གི་ཧི་བོན་ཟིན་བྲིས།http://blog.himalayabon.com/u/triyungblog/index.html

དཔེ་ཚོགས་སྤྱིའི་ངོ་སྤྲོད།

དེ་ཡང་“མར་ནང་ཚང་དྲུང་མུའི་དཔེ་ཚོགས་”ཞེས་པའི་རྩོམ་རིག་དེབ་འཕྲེང་དང་པོ་《གདུང་ཚོར་ནག་པོ་》ཞེས་པ་དེ་ཡིན། དེ་ནི་ཕྱི་ལོ་༡༩༩༨ལོ་ནས་༢༠༠༧བར་གྱི་སྙན་ངག་ཕྱོགས་བསྒྲིགས་ཤིག་ཡིན།    རྩོམ་རིག་དེབ་འཕྲེང་གཉིས་པ་《ས་མཐའི་སེམས་པ་དམར་པོ་》ཞེས་པ་དེ་ཡིན། དེ་ནི་ཕྱི་ལོ་༢༠༠༧ནས་༢༠༡༤བར་གྱི་སྙན་ངག་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཡིན།    དེབ་འཕྲེང་གསུམ་པ་《ཁྱུང་མོ་དགོན་པའི་སྔར་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་》ཅེས་པ་དེ་ཡིན། དེ་ནི་ཕྱི་ལོ་༢༠༠༣ནས་དབུ་འཛུགས་གནང་ནས་༢༠༠༩ལོར་ཡོངས་སུ་བརྩམས་གྲུབ་ཡོད་པའི་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་ཡིན།
དཔེ་ཚོགས་ཀྱི་ནང་དོན་གནད་བསྡུས།

དེབ་འཕྲེང་དང་པོ།
b2b3ba2adbebea15e8fa47558290e407

“གདུང་ཚོར་ནག་པོ་”སྙན་ངག་ཕྱོགས་བསྒྲིགས་ཤོག་ངོས་༡༥༠ཙམ་ཡོད། དེ་ནི་བོད་ཕྱི་ནང་གཉིས་སུ་བྲིས་པའི་སྙན་ངག་དྲུག་ཅུ་ཙམ་གྱིས་གྲུབ་པར་བྱས་ཡོད་པའི་དེབ་ཆུང་ཞིག་ཡིན།
bcebfa5bd7e54d0aa735eaf88bfd0883
དེབ་འཕྲེང་གཉིས་པ།

“ས་མཐའི་སེམས་པ་དམར་པོ་”སྙན་ངག་ཕྱོགས་བསྒྲིགས་ཤོག་ངོས་༢༠༠ཙམ་ཡོད། དེ་ནི་ས་མཐར་འཁྱམས་པའི་ཚོར་སྣང་གཙོ་བོར་བྱས་པའི་ཚིགས་བཅད་སྙན་ངག་ལྔ་བཅུ་ཙམ་གྱིས་གྲུབ་པར་བྱས་ཡོད་པའི་དེབ་ཆུང་ཞིག་ཡིན།

45615ad22a63061d97fb0dc21d067cc4
དེབ་འཕྲེང་གསུམ་པ།

   “ཁྱུང་མོ་དགོན་པའི་སྔར་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་”ཅེས་པ་ཡུལ་མདོ་སྨད་ཀྱི་བོན་དགོན་ཞིག་གི་ལོ་རྒྱུས་ཤོག་ངོས་༣༠༠ཙམ་ཡོད། དེར་ཁྱུང་མོ་ཞེས་པའི་མཚན་དོན་སོགས་ལ་དཔྱད་པ་བྱས་ནས་དགོན་དེའི་ལོ་ཚིགས་བཅས་ལ་ལོ་རྒྱུས་ཁུངས་གཏུགས་ཞུས་ཁུལ་གྱིས་དེང་རབས་དཔྱད་རྩོམ་འབྲི་སྟངས་ལ་ལད་འབྲི་བྱས་ཁུལ་བྱས་ཡོད་པའི་དེབ་ཆུང་ཞིག་ཡིན་པ་བཅས།

ཁྲི་གཡུང་དྲུང་གིས་ཕྱི་ལོ་༢༠༡༤ཟླ་༣ཚེས་༡ཉིན་སྨན་རིའི་གླིང་ནས། 

མར་ནང་ཚང་དྲུང་མུའི་དཔེ་ཚོགས།” སྟེང་དུ་དཔྱད་མཆན 2 ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།