རྔ་བ་སྣང་ཞིག་དགོན་བཤད་སྒྲུབ་སློབ་གླིང་གི་ཚོགས་གཙོ་བརྗེ་སྤོར་བྱས་པ་དང་སྐྱབས་མགོན་རིན་པོ་ཆེ་ནས་ཤེས་རབ་སྨྲ་བའི་སེང་གེའི་དབང་བསྐུར་བ།

མདོ་སྨད་རྔ་བ་སྣང་ཞིག་དགོན་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་ཤེས་རབ་ཀྱི་ལྷ་སྨྲ་བའི་སེང་གེ་ཉིན་བརྒྱད་ཀྱི་རིང་ལ་སྒྲུབ་པ་དང་། བོད་པའི་གནམ་ལོ་གསར་བའི་ཚེས་གཅིག་ཉིན་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་ནས་སློབ་གླིང་གི་དགེ་སློབ་རྣམས་དང་དད་ལྡན་མང་ཚོགས་ཡོངས་ལ་ཤེས་རབ་སྨྲ་བའི་སེང་གེའི་དབང་མཆོག་བསྐུར་བ་དང་། སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་གཙོ་བྱས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་སློབ་གླིང་གི་དགེ་རྒན་རྣམས་ཀྱིས་བཤད་སྒྲུབ་སློབ་གླིང་གི་ཚོགས་གཙོ་བརྗེ་སྤོར་བྱས་ཏེ་ཚོགས་གཙོ་གསར་བར་སློབ་གླིང་བྱ་བཞག་གོང་ནས་གོང་དུ་སྤེལ་བའི་བཀྲ་ཤིས་ལྷ་དར་འབུལ་བ་དང་ལྷན་དུ་མཇུག་རྫོགས།།

IMG_0747

སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་ཚང་ནས་ཤེས་རབ་སྨྲ་བའི་སེང་གེའི་དབང་བསྐུར་བ།

IMG_0746བཤད་སྒྲུབ་སློབ་གླིང་གི་ཚོགས་གཙོ་བརྗེ་སྤོར་བྱེད་བཞིན་པ།

IMG_0740

བཤད་སྒྲུབ་སློབ་གླིང་གི་སྨྲ་སེང་སྒྲུབ་པའི་རིལ་བུ།

IMG_0749

IMG_0748

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།