བོན་བརྒྱ་རིན་པོ་ཆེ་ཚང་ནས་སྔོན་འགྲོའི་ཁྲིད་ལུང་གནང་བ་དང་ཐེངས་དགུ་བའི་ལོ་གསུམ་སྒྲུབ་གྲྭ་བ་རྣམས་ལོ་གསུམ་མཚམས་ལ་བཞུགས་པ།

00སྤྱི་ལོ་༢༠༡༤ཤིང་ཕོ་རྟ་ལོའི་ཟླ༢པའི་ཚེས་༡༡ཉིན་ནས་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགོན་བདག་ཆེན་མོ་འཛམ་གླིང་མཁས་པའི་གཙུག་རྒྱན་༧དཔལ་མཁས་གྲུབ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གིས་ཨ་ཁྲིད་ཐུམ་མཚམས་བཅོ་ལྔ་བ་དང་དེའི་རྒྱབ་སྐྱོར་ཀྱི་ཁྲིད་དང་ལུང་ཉིན་བཞིའི་རིང་ལ་གནང་སྟེ་ཚེས་༡༦ཉིན་སྔོན་འགྲོའི་སྐོར་མཇུག་རྫོགས། ཐེངས་འདིའི་ཁྲིད་ལུང་ནི་བོན་བརྒྱ་དགོན་གྱི་ལོ་གསུམ་སྒྲུབ་གྲྭའི་སློབ་མ་གསར་བ་རྣམས་གཙོ་བྱས་དད་ལྡན་མང་ཚོགས་ཡོངས་ལ་གནང་བ་དང་།  བོན་བརྒྱ་དགོན་གྱི་ལོ་གསུམ་སྒྲུབ་གྲྭ་བཙུགས་ནས་ད་ལོའི་སྒྲུབ་པ་བ་དག་ནི་ཐེངས་དགུ་བ་ཡིན་ལ། ཐེངས་དགུ་བའི་ལོ་གསུམ་སྒྲུབ་སྦྱོང་བ་ལ་སློབ་མ་ཉི་ཤུ་རྩ་གཉིས་ཡོད་པ་དང་དེའི་ཁྲོད་སྔགས་འཆང་སློབ་བུ་ལྔ་ཡོད། གཞན་རྣམས་དགོན་པའི་གྲྭ་བཙུན་ཡིན། ཁོང་རིན་པོ་ཆེ་ཚང་ནས་ད་དུང་མུ་མཐུད་ནས་ཡི་དམ་སོ་སོའི་ཁྲིད་ལུང་དང་དབང་མཆོག་སོགས་སྩོལ་རྒྱུ་ཡིན་པས། ང་ཚོ་རེབ་གོང་བོན་མང་དྲ་བས་དུས་ལྟར་ཁྱེད་ཅག་གི་མིག་ལམ་དུ་འབུལ་ངེས་ཡིན།

005

 

006

007 008 009 004 010 001 003

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།