བོད་ལྗོངས་སུ་བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་རྙེད་པ།

བོད་ལྗོངས་སུ་བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་རྙེད་པ།
ཁ་བ་ཅན།

 བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པ་སངས་དབང་འདུས་ཀྱིས་གསར་འཕྲིན་པར་བཤད་རྒྱུར། བོད་ལྗོངས་སུ་བཙན་པོའི་དུས་སྐབས་ཀྱི་བོན་གྱི་ཡིག་རྙིང་རྙེད་ཡོད་པ་རེད། འདི་ནི་༡༩༠༠ལོར་ཏུན་ཧོང་ནས་བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་འབོར་ཆེན་རྙེད་རྗེས་བོད་ལྗོངས་སུ་རྙེད་པའི་ཆོས་དཔེ་མ་ཡིན་པའི་བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་ཐོག་མ་ཡིན།
ཁོས་བཤད་རྒྱུར་ཡིག་རྙིང་འདི་དག་ཉིང་བསྡུས་ཀྱིས་དཔར་དུ་བསྐྲུན་པའི་དཔེ་ཆ་བཞི་ཡོད་ཅིང༌། དེ་ལས་གསུམ་ནི་བོན་གྱི་ཆོ་གའི་སྐོར་དང༌། གཅིག་ནི་གནའ་བོའི་གསོ་རིག་གི་སྐོར་ཡིན། དཔེ་ཆ་འདི་དག་ཉེ་ལམ་བོད་ལྗོངས་བོད་ཀྱི་ཡིག་རྙིང་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་འགྲེམས་སྤེལ་བྱས་ཟིན། ཡིག་རྙིང་འདིས་དུས་རབས་ཉི་ཤུ་བའི་ཏུན་ཧོང་ཡིག་རྙིང་དཔར་བསྐྲུན་འགྲེམས་སྤེལ་བྱས་རྗེས་ང་ཚོར་སྔར་ལས་ལྷག་པའི་སྒོ་ནས་བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པའི་གོ་སྐབས་དཀོན་པོ་ཞིག་བསྐྲུན་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།