རེབ་གོང་བོན་མང་གི་མཁའ་འགྲོ་གསང་གཅོད་ཀྱི་ཆོས་ཐོག།

88

རེབ་གོང་བོན་མང་ཕུར་ཐོག་སྟོང་དང་དགུ་བརྒྱའི་མཁའ་འགྲོ་གསང་གཅོད་ཀྱི་ཆོས་ཐོག་ཟླ་འདིའི་ཚེས༡ཉིན་ནས་ཚོགས་པ་དང་།  སྟོད་ཤོག་སྡོང་མགོ་卍ཐེག་ཆེན་སྨིན་གྲོལ་རྒྱ་མཚོའི་གླིང་卍བསྐྱར་བཞེངས་མཛད་དེ་ལེགས་འགྲུབ་འབྱུང་ལ་ཉེ་བས་མཁའ་འགྲོ་གསང་གཅོད་ཀྱི་ཚོགས་ཆེན་གྱིས་དབུ་མཛད་དེ་བཀྲ་ཤིས་འབྲེལ་འཛོམས་པའི་ཉིན་མོ་འདིར་སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ཕེབས་ཏེ་བཀྲ་ཤིས་པའི་ལྷ་དར་དང་གོས་ཆེན་དམངས་སྒོར་ཁྲི་གཅིག་གནང་ཏེ་གཡུང་དྲུང་བོན་གྱི་བསྟན་པ་ཡུན་ནས་ཡུན་དུ་དར་བའི་གསུང་སྨོན་གྱི་ཀློང་ནས་གསས་ཁང་གི་ཆོས་སྒོ་ཡང་བསྐྱར་བྱས་པ་དང་། ཆོས་ཐོག་འདིའི་དགེ་བསྐོས་ཆེན་མོ་རྡོ་རྗེ་ཚེ་བརྟན་དང་ཁྲི་བ་ཤ་བོ་ཆོས་སྐྱབས་རྣམ་གཉིས་ནས་དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་བ་དང་ཚོགས་བཞུགས་སྔགས་འཆང་ཡོངས་ལ་འགྱེད་མང་ཇ་སོགས་དགེ་བའི་ཚོགས་བསམ་གྱིས་མི་ཁྱབ་པ་བསགས།44 གསས་ཁང་སྒོ་འབྱེད་བཞིན་པ།1355167711101217181599

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།