དགའ་མལ་དགོན་ཆེན་དུ་བླ་ཆེན་དྲན་པ་ནམ་མཁའི་སྐུ་བཞེངས་པ།

དགའ་མལ་དགོན་ཆེན་དུ་བླ་ཆེན་དྲན་པ་ནམ་མཁའི་སྐུ་བཞེངས་པ།

རྩོམ་པ་པོ། དགོན་ཆེན་དྲུང་ཡིག་ཚན་ཁག  རྩོམ་ཁུངས། ཧི་མ་ལ་ཡའི་བོན།

   མདོ་སྨད་ཟིང་ཆུ་དགའ་མལ་དགོན་ཆེན་དུ་ཟངས་གསེར་ལས་གྲུབ་པའི་བླ་ཆེན་དྲན་པ་ནམ་མཁའི་སྐུ་འདྲ་བཞུགས་ཁྲི་དང་བཅས་ལ་མཐོ་ཚད་རྨིས་༡༠ལྷག་ཅན་༼ཁྲུ་ཙེ་སུམ་ཅུ་ལྷག༽ཞིག་གསར་བཞེངས་གནང་སྟེ་རབ་གནས་ཀྱི་མཛད་སྒོ་སྤེལ་བ། IMG_1538.jpg

IMG_1520.jpg

   དེ་ཡང་དགའ་མལ་དགོན་ཆེན་ནི་ཟིང་ཆུ་ཁོག་གི་བོན་དགོན་ཁག་གི་གདན་སར་ཆགས་ཡོད་ལ། དགོན་ཆེན་དེ་ལ་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་གསུམ་གྱི་གཞིས་དགོན་ཡིན་པར་མ་ཟད། མདོ་སྨད་བོན་དགོན་ཁག་ལས་དགོན་ལག་ཆེ་ཤོས་སུ་ཆགས་ཡོད།

IMG_1535.jpgIMG_1510.jpg

༢༠༡༤ལོའི་ཟླ་བ་༩བའི་ཚེས་༡ཉིན་ལ་དུང་རིའི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་མཆོག་གིས་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དང་ཁྱད་པར་དུ་མདོ་སྨད་ཟིང་ཆུ་ཁོག་གི་བསྟན་དོན་གྱི་སངས་རྒྱས་གཡུང་དྲུང་བོན་གྱི་ཐུགས་ཀྱི་བསྟན་པའི་བདག་པོ་བླ་ཆེན་དྲན་པ་ནམ་མཁའ་རིན་པོ་ཆེའི་ཡང་གསང་གི་ཟངས་གསེར་སྐུ་འདྲ་བཞེངས་པ་དང་། གཟུངས་རྫོངས་ལ་ཡང་སྔོན་བྱོན་ཞང་བོད་ཀྱི་རིག་འཛིན་གོང་མ་རྣམས་ཀྱི་རྟེན་འདུས་བྱིན་རྟེན་མཐའ་ཡས་པ་དང་ཁྱད་པར་དུ་མདོ་སྨད་ཟིང་ཆུ་ཡུལ་གྱི་སྐྱེས་ཆེན་རྣམས་ཀྱི་སྐུ་གསུང་ཐུགས་རྟེན་གྱི་རྟེན་རྫས་མཐའ་ཡས་པ་རྫོངས་ཡོད་ལ།

IMG_1499.jpgIMG_1410.jpg

སྤྱི་ཟླ་དགུ་བའི་ཚེས་༡ཉིན་ལ་༧དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན། དུང་རིའི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་མཆོག་གཙོས་པའི་དགོན་ཆེན་གྱི་ནང་གི་དགོན་ཁག་ལྔའི་དབུ་བླ་དང་སྤྲུལ་སྐུ། མཁན་པོ་སོགས་དང་། དེ་བཞིན་གཟི་རྩ་སྡེ་དགུའི་ཁོད་སྤུངས་དར་རྒྱས་དགོན་སོགས་ཕྱིའི་དགོན་ལག་བཅུ་གསུམ་གྱི་སྤྲུལ་སྐུ་དང་བླ་མ་བཅས་བླ་གྲྭ་རྣམས་ཀྱི་༧བླ་ཆེན་དྲན་པ་ནམ་མཁའ་ཡང་གསང་གི་ཟངས་གསེར་སྐུ་འདྲ་ཆེན་པོ་རབ་གནས་ཀྱི་མཛད་སྒོ་སྤེལ་བ་དང་།

IMG_1401.jpgIMG_1397.jpg

བོད་ཡུལ་ལ་མཚོན་ན་དེ་སྔའི་ལོ་རྒྱུས་སྟེང་དུ་བླ་ཆེན་དྲན་པ་ནམ་མཁའི་ཟངས་གསེར་སྐུ་ཆེན་འདི་འདྲ་བཞེངས་པ་ཐེངས་དང་པོར་ཆགས་ཡོད་པ་དང་།

IMG_1535.jpgIMG_1512.jpg

གཞན་བཞེངས་ཡུལ་ལ་ལྟོས་ན་ཡང་འཛམ་གླིང་གི་ཡུལ་སྐོར་གྲགས་ཅན་མཛེས་ལྗོངས་ཤར་གཉན་དུང་རི་གསེར་མཚོ་དང་གཟི་རྩ་སྡེ་དགུར་ཡུལ་སྐོར་བ་ཡོངས་ཀྱིས་མཇལ་ཐུབ་པའི་གནས་ཁྱད་པར་ཅན་གསང་སྔགས་མ་རྒྱུད་ཀྱི་གནས་ཆེན་ཉེར་ལྔའི་ནང་ཚན་རྒྱ་ནག་མཁའ་འགྲོ་འུག་གདོང་དང་གནས་ཆེན་བྱང་བྱ་དུར་གྱི་མདུན་དུ་བཞེངས་ལ། བླ་ཆེན་དྲན་པ་ནམ་མཁའ་མཆོག་ནི་སྙིགས་དུས་ཀྱི་བསྟན་འགྲོ་རྣམས་ཀྱི་ལྷ་སྐལ་དུ་ཆགས་ཡོད་པ་སོགས་ལ་ལྟོས་ཏེ་༧དུང་རིའི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཆོག་ནས་དཀའ་བ་ཁྱད་བསད་དང་ངལ་བ་དང་དུ་བླངས་ཏེ་བཞེངས་པའོ། །

ཞེས་ངོ་སྤྲོད་གནད་བསྡུས་ཙམ་དུ་༧དགའ་མལ་དགོན་ཆེན་གྱི་དྲུང་ཡིག་ཚན་ཁག་ནས།

DSCN1343.JPG སྐུ་འདྲ་བཞེངས་མཁན་དུང་རིའི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་མཆོག IMG_0137.jpgIMG_0142.jpg IMG_4743.jpgIMG_4742.jpg IMG_0133.jpgIMG_0134.jpg IMG_4744.jpgIMG_0143.jpg

བླ་ཆེན་དྲན་པ་ནམ་མཁའི་ཟངས་གསེར་སྐུ་འདྲའི་གཟུངས་རྫོངས་སོགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།