བོན་གྱི་བཙུན་དགོན་བྱ་བཏང་རི་ཁྲོད༧གཤེན་བསྟན་དར་རྒྱས་བཀྲ་ཤིས་གླིང་ངོ་སྤྲོད།

བོན་གྱི་བཙུན་དགོན་བྱ་བཏང་རི་ཁྲོད༧གཤེན་བསྟན་དར་རྒྱས་བཀྲ་ཤིས་གླིང་ངོ་སྤྲོད།
ཁྲི་བསོད་བསྟན།

1
མདོ་སྨད་ཤོད་ཆེན་བརྒྱད་ཀྱི་ཡ་གྱལ་ཉག་ཤོད་ཨ་འཛི་ལུང་གི་བྱ་བཏང་རི་ཁྲོད་ནི་རབ་བྱུང་བཅོ་ལྔ་པའི་ནང་བྱ་བཏང་སྐུ་ཕྲེང་ཉེར་གཅིག་པ་དྲི་མེད་འོད་ཟེར་གྱིས་ཕྱག་བཏབས། བྱ་བཏང་སྐུ་ཕྲེང་ཉེར་གཉིས་པ་ཚེ་དབང་འགྱུར་མེད་ཀྱིས་རི་ཁྲོད་རྒྱ་བསྐྱེད་དང་གླིང་གཉིས་ཀྱི་སྒྲུབ་སྡེ་བཙུགས། དུས་འགྱུར་སྐབས་རྒྱལ་བསྟན་སྤྱི་ལ་ཉམ་ཉེས་ཀྱི་གོད་ཆག་ལྟར་ལྷ་ཁང་དང་གྲྭ་ཁང་རྣམས་ཞིག་རལ་དུ་སོང་། གདན་ས་འདེབས་པ་པོ་བྱ་བཏང་དྲི་མེད་འོད་ཟེར་གྱི་གདུང་དངོས་སུ་བཞུགས་པའི་མཆོད་རྟེན་མ་ཉམས་པར་དད་པའི་རྟེན་དུ་ད་ལྟའང་བཞུགས་ཡོད། བྱ་བཏང་སྐུ་ཕྲེང་ཉེར་གསུམ་པ་སྤྲུལ་སྐུ་ཤེས་རབ་བློ་གྲོས་ཧོར་སྦྲ་ཆེན་འགག་གོང་དུ་འཁྲུངས།
2

སྤྱི་ལོ༢༠༠༧ལོར་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱིས་ཐུགས་བཀོད་དང་དགོན་གྱི་ལྷ་སྡེ་མང་ཚོགས་ཡོངས་ཀྱིས་དད་མོས་ཀྱི་སྒོ་ནས་བསྐྱར་བཞེངས་ཀྱི་འགོ་བཙུགས་ཏེ་ད་ལྟ་འཛུགས་བསྐྲུན་བྱེད་མུས་ལགས།སྤྱི་ལོ༢༠༠༩ལོར་རྫོང་མི་དམངས་སྲིད་གཞུང་དང་ཆོས་ལུགས་དོན་བྱེད་ལས་ཁུངས་ཀྱིས་དངོས་སུ་ཆོག་མཆན་ཐོབ། ད་ལྟ་རི་ཁྲོད་འདིར་མཁའ་འགྲོ་སྐལ་པ་བཟང་མོ་གཡུང་དྲུང་ལྷ་མཆོག་དང་། མཁའ་འགྲོ་ཚུལ་ཁྲིམས་ཁྲི་བཙུན་རྣམ་གཉིས་ཀྱིས་བོན་སྤྱོད་སྔོན་འགྲོའི་རིམ་པ་ནས་དབུ་བཟུང་སྟེ༧རྒྱལ་བ་མཉམ་མེད་ཆེན་པོ་དང་༧ཀུན་མཁྱེན་ཤར་རྫ་པའི་མཛད་སྲོལ་བཞིན་བཤད་སྒྲུབ་སྒོམ་གསུམ་གྱི་སྡེ་གསུམ་དུ་ཕྱེ་སྟེ་ཐོས་བསམ་སྒོམ་གསུམ་གྱི་ལས་ལ་གཞོལ་བཞིན་མཆིས། ད་ལྟ་དགོན་གླིང་འདིར་གཤེན་གྱི་བཙུན་མ་བཞི་བརྒྱ་ལྷག་བཞུགས།

དྲུང་མུ་གྱེར་ལགས་ཀྱི་ཟིན་བྲིས་ལས་དྲངས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།