སྐབས་བཞི་བའི་རྒྱུན་ལས་ལས་འཛིན་ཚོགས་འདུ་འཚོགས་པ།

རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཞི་བའི་རྒྱུན་ལས་ལས་འཛིན་ཚོགས་འདུ་དེ་སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་དུ་འཚོགས་པ།

རྩོམ་པ་པོ། དྲུང་ཡིག་ཚན་ཁག   རྩོམ་ཁུངས། ཧི་མ་ལ་ཡའི་བོན།
རྒྱལ་བ་གཤེན་རབ་མི་བོ་མཆོག་གི་བསྟན་པ་མདོ་སྔགས་ཟུང་འབྲེལ་བོན།།
རྒྱལ་ཁམས་ཀུན་ཏུ་སྤེལ་ལ་ཐུགས་བསྐྱེད་ཐབས་ཚུལ་རྨད་དུ་བྱུང་བ་ཡི།།
རྒྱལ་སྲས་སེམས་དཔའ་མི་ཡི་རྣམ་རོལ་གངས་རིའི་ཁོར་ཡུག་ནས་བྱོན་ཏེ།།
རྒྱལ་སྤྱིའི་གཡུང་དྲུང་བོན་གྱི་ལྷན་ཚོགས་འདིར་ཞུགས་རྣམ་པ་གུས་པས་བསུ།།
99d47103646fb66b7b66d97348b6b5f0 དེ་ཡང་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནི་གངས་ལྗོངས་མདོ་དབུས་ཁམས་གསུམ་ནས་གཡུང་དྲུང་བོན་གྱི་དགོན་སྡེ་ལྔ་བརྒྱ་ལྷག་གིས་དམངས་གཙོ་བྱས་ནས་བཙུགས་པའི་ཚོགས་པ་ཞིག་སྟེ། ཚོགས་པའི་གྲུབ་ཆ་ལ་མཚན་འཛིན་ཚོགས་གཙོ་ལྔ། ཚོགས་གཙོ་དང་ཚོགས་གཞོན་བཅུ་གཅིག དྲུང་ཡིག་ཆེ་གཞོན་བཅས་དྲུང་ཡིག་པ་བཅུ། རྒྱུན་ལས་ལས་འཛིན་མི་སྣ་བཞི་བཅུ་ཞེ་གཅིག་བཅས་ཀྱིས་གྲུབ་པ་ཞིག་ཡིན།

༢༠༡༤ལོའི་སྤྱི་ཟླ་༡༠་བའི་ཟླ་མཇུག་དང་བཅུ་གཅིག་པའི་ཚེས་མགོ་སྟེ་ཉིན་བཞིའི་རིང་ལ་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་དེ་སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་མཁར་ནས་དངོས་སུ་ཚོགས་འགོ་བརྩམས་པ་རེད།

Fl201410301350458446.jpg

སྤྱི་ཟླ་༡༠་པའི་ཚེས་༣༠ཉིན་གྱི་སྔ་དྲོའི་ཆུ་ཚོད་༨་༣༠སྟེང་མཛོད་དགེ་གསོལ་ཁང་ཆེན་མོ་ནས་ཚོགས་པའི་རྒྱུན་ལས་རྣམས་ལམ་ཆས་བྱས་ཏེ་འཕན་ཆུ་ཨ་སྐྱིད་སྐྱང་ཚང་དགོན་དུ་ཕེབས།5ef27546c1ffa87d332bcc4ecaa98f28

0543f9fd063b19fd44889e53719f93e3

སྐྱང་དགོན་ཁག་གི་བླ་གྲྭ་དང་དད་ལྡན་མང་ཚོགས་ཀྱི་བསུ་བ་གང་གཟབ་བྱས་པ་དང་།

Fl201410301351116673.jpgFl201410301351429441.jpg

ཆུ་ཚོད་༡༡་སྟེང་ཨ་སྐྱིད་སྐྱང་ཚང་དགོན་པའི་འདུ་ཁང་ཆེན་མོའི་མདུན་ནས་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་ཚོགས་པའི་མཚན་འཛིན་ཚོགས་གཙོ་ཨ་སྐྱིད་སྐྱང་ཚང་དགོན་པའི་དགོན་བདག་བླ་མ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རྣམ་གཉིས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པའི་དར་ཆེན་མཁའ་ལ་བསྒྲེངས་ནས་ཚོགས་མང་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས།

IMG_3779.jpg
IMG_3769.jpgIMG_3771.jpg

ཆུ་ཚོད་༡༡་༡༠་སྟེང་ཨ་སྐྱིད་སྐྱང་ཚང་དགོན་པའི་འདུ་ཁང་རྙིང་བའི་ནང་དུ་དྲུང་ཡིག་ཆེན་མོ་གདོང་བཙུན་རྒྱ་ཐར་ལགས་ཀྱིས་ཚོགས་འདུའི་མདོ་འཛིན་བྱས་ཤིང་། ཚོགས་གཙོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་དངོས་སུ་འགོ་བརྩམས་པའི་གསུང་བཤད་གལ་ཆེན་གནང་།

IMG_3789.jpgIMG_3799.jpg

ཆུ་ཚོད་༡༡་༣༠་སྟེང་འཕན་ཆུ་ཨ་སྐྱིད་སྐྱང་ཚང་དགོན་པའི་དགོན་བདག་བླ་མ་སྐྱང་སྤྲུལ་དྲི་མེད་འོད་ཟེར་ཚང་གིས་གསུང་བཤད་གནང་། ཉིན་གུང་གི་ངལ་གསོའི་དུས་ཚོད་བེད་སྤྱད་ནས་བླ་སྤྲུལ་དང་མཁན་པོ་རྣམས་ཀྱིས་སྐྱང་ཚང་དགོན་པའི་ལྷ་སྡེའི་མང་ཚོགས་རྣམས་ལ་མཇལ་ཁ་གནང་།

IMG_3955.jpg

ཕྱི་དྲོ་ཆུ་ཚོད་༡་༣༠་སྟེང་གྲོས་ཚོགས་ཀྱི་འགོ་བརྩམས། དེ་ཡང་ན་ནིང་གི་རྒྱུན་ལས་ལས་འཛིན་ཚོགས་འདུའི་ཐོག་ནས་བཞག་པའི་གྲོས་ཆོད་གལ་ཆེན་ཞིག་སྟེ་གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་གཉིས་པ་དེ་ས་གནས་གང་དུ་འཚོགས་རྒྱུ་ཡིན་པ་དང་། ཚུལ་ཇི་ལྟར་འཚོགས་རྒྱུ་ཡིན་པ་བཅས་ཀྱི་ཐད་ནས་གྲོས་བསྡུར་བྱས་ཤིང་ཚོགས་པའི་དྲུང་ཡིག་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་བསམ་འཆར་གལ་ཆེན་བཏོན། དེ་བཞིན་དུ་ཚོགས་པའི་དྲུང་ཡིག་པ་བྲག་འགོ་ཚེ་རིང་ནོར་བུ་དང་། ཚོགས་པའི་ཚོགས་གཞོན་ཤར་ཁོག་དགའ་མལ་དགོན་ཁག་གི་མཁན་པོ་བླ་མ་ཚེ་རིང་ངམ་ཤེས་རབ་གཡུང་དྲུང་དབང་རྒྱལ། ཚོགས་གཞོན་རྫ་སྟེང་ཆེན་དགོན་པའི་དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། ཚོགས་གཞོན་སེང་གེ་སྤྲུལ་སྐུ་རིག་འཛིན་ཉི་མ། མཚན་འཛིན་ཚོགས་གཙོ་ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ། ཚོགས་གཞོན་རྩེ་ཞིག་སྤྲུལ་སྐུ་ཤེས་རབ་བསྟན་པའི་ཟླ་བ། ཚོགས་གཞོན་ཤར་བ་སྣང་ཞིག་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་སོགས་རེ་རེ་ནས་གསུང་བཤད་གནང་མཐར་ཆུ་ཚོད་༤་༠༥སྟེང་ཚོགས་འདུའི་མཇུག་བསྒྲིལ་ཏེ་ཚོགས་མི་ལྷན་རྒྱས་བཞེངས་ནས་བསྟན་འབར་སྨོན་ལམ་གསུངས།

IMG_3967.jpg

ཆུ་ཚོད་༤་༢༣་སྟེང་ཕྱིར་མཛོད་དགེ་རྫོང་དུ་བསྐྱོད་ཅིང་ངལ་གསོས། ཆུ་ཚོད་༧་༡༠སྟེང་མཛོད་དགེ་གསོལ་ཁང་ཆེན་མོའི་ལྔ་ཐོག་ནས་ཡང་བསྐྱར་ཚོགས་འདུ་འཚོགས། ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་རྟོགས་ལྡན་བསྐལ་ཁོ་ལགས་ཀྱིས་མདོ་འཛིན་བྱས། རྔ་བའི་གླུ་བ་གྲགས་བྷེ་ནས་སྟོན་པ་གཤེན་རབ་མི་བོ་མཆོག་གི་རྣམ་ཐར་འཁྲབ་གཞུང་ཞིག་བརྩམས་དགོས་པ་གྲོས་གཞིའི་ཚུལ་དུ་ཡར་ཞུ་བྱས། ཚོགས་པའི་དྲུང་ཡིག་པ་དགེ་བཤེས་ཤེས་རབ་གྲགས་པས་གསུང་བཤད་གནང་བ་དང་། དེ་བཞིན་དུ་ཚོགས་པའི་དྲུང་ཡིག་པ་ཨ་ཀུན་གསལ་ཟླ་བ། ཚོགས་པའི་རྒྱུན་ལས་ལས་འཛིན་པ་ཀོང་པོ་སྐུ་ཤུག་དགོན་པའི་བླ་མ་ཨ་གྲགས་ཤེས་རབ་དཔལ་ཆེན། ཚོགས་པའི་རྒྱུན་ལས་ལས་འཛིན་པ་ཁྲི་ཀ་སྟོང་ཆེའི་བླ་མ་མཁར་ནག་སྤྲུལ་སྐུ་སྐལ་བཟང་རྒྱ་མཚོ། ཚོགས་པའི་དྲུང་ཡིག་པ་བོན་བརྒྱ་དགོན་པའི་མཁན་པོ་བསྟན་པའི་ཉི་མ། ཚོགས་པའི་དྲུང་ཡིག་པ་རིན་སྤུངས་ཚུལ་བསྟན་སོགས་ནས་གོང་གི་ཚོགས་འདུའི་གྲོས་གཞིའི་ཐད་ལ་བགྲོ་གླེང་དང་གསུང་བཤད་གནང་།

IMG_4119.jpg

དེ་ནས་ཚོགས་པའི་དྲུང་གཞོན་རྟོགས་ལྡན་བསྐལ་ཁོ་ལགས་ཀྱིས་གླུ་བ་གྲགས་བྷེའི་གྲོས་གཞི་ལ་གསལ་བཤད་བྱས་ཤིང་། ཚོགས་པའི་དྲུང་ཆེ་གདོང་བཙུན་རྒྱ་ཐར་ལགས་ཀྱིས་སྟོན་པའི་རྣམ་ཐར་འཁྲབ་གཞུང་ཞིག་བརྩམ་ན་སྤུས་ཀ་ཡོད་ངེས་པ་ཞིག་དགོས་པའི་གྲོས་གཞི་བཏོན་ཅིང་། ཚོགས་མི་རྣམ་པས་རང་རང་གི་ལྟ་ཚུལ་བགྲོ་གླེང་དང་གྲོས་བསྡུར་བྱས་ནས་མཚན་མོའི་ཆུ་ཚོད་༡༢་སྟེང་ངལ་གསོ་གནང་།

IMG_3829.jpg

ཚེས་༣༡་ཉིན་གྱི་ཚོགས་པའི་ཆུ་ཚོད་༨་༣༠་སྟེང་མཛོད་དགེ་རྫོང་མཁར་ནས་ཆས་ཏེ་དཔལ་སྐྱིད་ལུང་ཁོག་དང་བབ་བཟོ་ལུང་ཁོག་བརྒྱུད་དེ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་གདན་ས་མདའ་ཆེན་དགོན་དུ་ཕེབས། ཆུ་ཚོད་༡༡་༣༠སྟེང་འདུ་ཁང་མདུན་ནས་ཚོགས་པའི་རྒྱུན་ལས་རྣམས་དང་དགོན་པའི་བླ་གྲྭ་མཉམ་འཛོམས་ཀྱི་འདྲ་པར་བརྒྱབ་པ་དང་། བསྟན་འབར་སྨོན་ལམ་གསུངས། རྟེན་དང་བརྟེན་པ་ཀུན་ལ་མཇལ་གཟིགས་དང་རབ་གནས་མཛད། ཆུ་ཚོད་༡༢་༢༠སྟེང་འདོད་དགུ་རིན་ཆེན་ཞེས་པའི་ས་དེར་བཙུན་མའི་དགོན་ཆུང་ཞིག་ཡོད་པ་དེར་ཕེབས་ནས་རབ་གནས་དང་མཇལ་གཟིགས་གནང་། ཆུ་ཚོད་༡་༡༢་སྟེང་བསམ་འགྲུབ་དགོན་པའི་རི་ཁྲོད་བསྒྲུབ་ལུང་ཁ་རུ་ཕེབས་ནས་སྒྲུབ་ཁང་གསར་བཞེངས་ལ་གཟིགས་ཞིབ་གནང་དང་རབ་གནས་མཛད།

IMG_3867.jpg

ཆུ་ཚོད་༣་༠༠་སྟེང་སྒུར་བའི་སྐྱང་ཚང་དགོན་དུ་ཕེབས་ནས་འདུ་ཁང་མདུན་དུ་བསྟན་རྒྱས་སྨོན་ལམ་གསུངས་པ་དང་ཚོགས་ཁང་དང་བསྒྲུབ་ཁང་སོགས་ལ་མཇལ་གཟིགས་དང་རབ་གནས་མཛད།

IMG_3877.jpg

ཆུ་ཚོད་༥་༠༠་སྟེང་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་ཁོངས་ཀྱི་ཆགས་ར་དགོན་དུ་ཕེབས་ནས་ཚོགས་ཆེན་འདུ་ཁང་མདུན་ནས་བསྟན་རྒྱས་སྨོན་ལམ་གསུངས་པ་དང་མཉམ་པར་བསྒྲོན་ནས་དགོན་པའི་རྟེན་དང་བརྟེན་པ་ཀུན་ལ་རབ་གནས་མཛད།

IMG_3880.jpg

ཆུ་ཚོད་༧་༢༠་སྟེང་ཐེ་བོ་རྫོང་ཁོངས་ཀྱི་ལེགས་ལུང་གཙོ་ཚང་དགོན་དུ་ཕེབས་ནས་རབ་གནས་མཛད་ཅིང་ཆུ་ཚོད་༩་༣༠་སྟེང་ཐེ་བོ་རྫོང་མཁར་དུ་ངལ་གསོས། སྤྱི་ཟླ་༡༡ཚེས་༡་ཉིན་གྱི་ཞོགས་པར་ཆུ་ཚོད་༩་༠༠་སྟེང་ཐེ་བོ་རྫོང་མཁར་དང་བྲལ་ཏེ་གནས་ཆེན་བྲག་དཀར་བྱ་རྒོད་ཀྱི་ཕྲོགས་སུ་བསྐྱོད།

IMG_3913.jpgIMG_3947.jpg

ཆུ་ཚོད་༡༠་༢༥་སྟེང་བྲག་བྱ་རྒོད་དགོན་པའམ་ཉོས་ཞིང་དགོན་པ་གནས་སྤོར་གྱི་བྱ་བ་ལེགས་འགྲུབ་བྱུང་བའི་མཛད་སྒོ་སྤེལ་བ་སྟེ། འདུ་ཁང་གསར་བའི་མདུན་ནས་གཡུང་དྲུང་བོན་གྱི་བསྟན་པའི་དར་ཆེན་བསྒྲེངས་པ་དང་བསྟན་རྒྱས་སྨོན་ལམ་གསུངས། དེ་ནས་འདུ་ཁང་སྒོ་འབྱེད་དང་ནང་དུ་ཕེབས་ནས་དུས་ཀྱི་འཁོར་ལོའི་ཆོ་གའི་སྒོ་ནས་མངའ་དབུལ་དང་རབ་གནས་མཛད། རྟེན་དང་བརྟེན་པ་ཀུན་ལ་མཇལ་གཟིགས་གནང་རྗེས་ཕྱིར་མཛོད་དགེའི་ཕྱོགས་སུ་བསྐྱོད།

IMG_3958.jpg

ཆུ་ཚོད་༦་༥༠་སྟེང་མཛོད་དགེ་རྒྱལ་སྤྱིའི་གསོལ་ཁང་ཆེན་མོ་ནས་རྒྱུན་ལས་ལས་འཛིན་ཚོགས་འདུ་འགོ་བརྩམས། ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་རྟོགས་ལྡན་བསྐལ་ཁོ་ལགས་ཀྱིས་མདོ་འཛིན་མཛད་ནས་ཚོགས་མི་རེ་རེ་ནས་གསུང་བཤད་གནང་བ་སྟེ། ཚོགས་པའི་རྒྱུན་ལས་ལས་འཛིན་པ་ཆབ་མདོ་དཔལ་ཤོད་རྫོང་གི་ཕུན་ཚོགས་བློ་གྲོས། ཚོགས་པའི་རྒྱུན་ལས་ལས་འཛིན་པ་ཐེ་བོ་གཙོ་ཚང་དགོན་པའི་མཁན་པོ་ཚེ་དབང་རིག་འཛིན། ཚོགས་པའི་རྒྱུན་ལས་ལས་འཛིན་པ་རྫ་ཁྲོ་ཚང་དགོན་པའི་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས། ཚོགས་པའི་རྒྱུན་ལས་ལས་འཛིན་པ་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་སློབ་གླིང་གི་མཁན་མོ་བདེ་ཆེན་དབང་མོ། ཚོགས་པའི་རྒྱུན་ལས་ལས་འཛིན་པ་ལོ་ཙཱ་བ་བོན་བརྒྱ་ཚེ་སྒྲུབ་རྒྱལ། ཚོགས་པའི་རྒྱུན་ལས་ལས་འཛིན་པ་སྟོན་ཁྱུང་སྟོན་པ་ངང་ལག་གི་སྤྲུལ་སྐུ་གཉའ་ཚུལ་ཁྲིམས་ཉི་མ། ཚོགས་པའི་རྒྱུན་ལས་ལས་འཛིན་པ་རྒྱལ་རོང་གཡུང་དྲུང་ལྷ་སྟེང་གི་དགོན་བདག་པདྨ་རིན་ཆེན། ཚོགས་པའི་རྒྱུན་ལས་ལས་འཛིན་པ་རྒྱལ་རོང་ཁྲོ་ཆུ་རྫོང་བོན་སྟོན་དགོན་པའི་བླ་མ་ཕྲིན་ལས་འགྲོ་མགོན། ཚོགས་པའི་རྒྱུན་ལས་ལས་འཛིན་པ་བོན་བརྒྱའི་སྤྲུལ་སྐུ་དྲི་མེད་ཉི་མ། ཚོགས་པའི་རྒྱུན་ལས་ལས་འཛིན་པ་དཔལ་ཡུལ་རྫོང་ཅོང་ལུང་དགོན་པའི་བླ་མ་རིག་དགའ། ཚོགས་པའི་རྒྱུན་ལས་ལས་འཛིན་པ་ཁྱུང་ཆུ་རྫོང་གི་དགེ་རྒན་དཔལ་བྷེ། ཚོགས་གཞོན་རག་ཤི་ཀུན་གསལ་སྙིང་བོ། ཚོགས་པའི་དྲུང་ཡིག་པ་སྙན་བཟང་བསོད་ནམས་གཡུང་དྲུང་། སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་སློབ་མ་རྒྱ་རིགས་ཧྲང་ཧེ་བ་ལེ་ལིས་སོགས་རེ་རེ་ནས་གསུང་བཤད་རིན་ཐང་ལྡན་པ་རབ་དང་རིམ་པ་ཞིག་གནང་ནས་ཆུ་ཚོད་༡༢་༡༥་སྟེང་ངལ་གསོ་བྱས།

IMG_3990.jpg
IMG_3988.jpgIMG_3966.jpg

སྤྱི་ཟླ་༡༡ཚེས་༢་ཉིན་གྱི་སྔ་དྲོ་ཆུ་ཚོད་༩་༡༠་སྟེང་རྒྱུན་ལས་ལས་འཛིན་ཚོགས་འདུ་འཚོགས།

IMG_4004.jpg

སྤྱི་ཟླ་༡༡ཚེས་༢་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡་༠༠་སྟེང་ངེས་དོན་མཁས་པའི་དབང་བོ་དཔལ་སྐྱང་སྤྲུལ་དྲི་མེད་འོད་མཆོག་གི་གསུང་འབུམ་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ་བ།
རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གདོང་བཙུན་རྒྱ་ཐར་ལགས་ཀྱིས་མཛད་སྒོའི་མདོ་འཛིན་གྱི་གསུང་བཤད་གནང་བ།

IMG_4002.jpg

རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་ཚོགས་པའི་ཚབ་མཛད་ནས་མཁས་དབང་དྲི་མེད་འོད་ཟེར་ཚང་གི་གསུང་འབུམ་འགྲེམ་སྤེལ་གྱི་མཛད་སྒོ་ལ་ཤིས་ཚིག་གསུངས་པ།

IMG_4018.jpg

རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན་དཔལ་ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ་རིན་པོ་ཆེས་མཁས་དབང་དྲི་མེད་འོད་ཟེར་ཚང་གི་གསུང་འབུམ་འགྲེམ་སྤེལ་གྱི་མཛད་སྒོ་ལ་ཁོང་གི་སློབ་མ་རྒྱལ་ཁབ་ཕྱི་ནང་དུ་ཡོད་པ་ཀུན་གྱི་ཚབ་མཛད་ནས་རྟེན་འབྲེལ་ཞུ་བའི་ཤིས་ཚིག་གསུངས་པ།

IMG_4020.jpg

ཁོང་གི་སློབ་མ་རྒྱ་རིགས་ཧྲང་ཧེ་བ་ལེ་ལིས་ལགས་ཀྱིས་རྒྱ་སྐད་གྱི་སྟེང་ནས་མཁས་དབང་དྲི་མེད་འོད་ཟེར་ཚང་གི་གསུང་འབུམ་འགྲེམ་སྤེལ་གྱི་མཛད་སྒོ་ལ་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ཕུལ་བ།

IMG_4026.jpg

རྒྱ་རིགས་བུ་མོ་ཡན་ན་ལགས་ཀྱིས་དབྱིན་སྐད་ཀྱི་སྟེང་ནས་མཁས་དབང་དྲི་མེད་འོད་ཟེར་ཚང་གི་གསུང་འབུམ་འགྲེམ་སྤེལ་གྱི་མཛད་སྒོ་ལ་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ཕུལ་བ།

IMG_4040.jpg

དཔལ་མཁས་པའི་དབང་བོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས་ཁོང་གི་གསུང་འབུམ་ལས་གྲུབ་མཐའ་གློག་སྒྲོན་དང་གསོ་རིག་སོགས་རྩོམ་འབྲི་གནང་བ་དང་པར་བསྐྲུན་བྱས་པའི་བརྒྱུད་རིམ་མདོར་བསྡུས་སུ་གསུང་བཤད་གནང་བ།

IMG_4045.jpg

ཁོང་གི་གསུང་འབུམ་པར་བསྐྲུན་ལ་མཐུན་རྐྱེན་དང་ཞུ་དག་སོགས་ཀྱི་དཀའ་ཚེགས་གནང་མཁན་དག་ལ་གོས་དར་བསྒྲོན་པ།

IMG_4054.jpg

ཚོགས་མི་དང་སློབ་མ། ཡོན་བདག་ཀུན་བཞེངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ནས་མཁས་དབང་དྲི་མེད་འོད་ཟེར་རིན་པོ་ཆེའི་གསུང་འབུམ་འགྲེམ་སྤེལ་གྱི་མཛད་སྒོ་མཇུག་བསྒྲིལ་བ།

IMG_4022.jpg

དེ་ནས་ཡང་བསྐྱར་ཚོགས་འདུའི་འགོ་བརྩམས་པ་དང་། གཙོ་ཆེར་རྒྱ་རིགས་ཧྲང་ཧེ་བ་ལེ་ལིས་ལགས་ལ་ཚོགས་པའི་སྒྲིག་གཞིའི་ཐད་ནས་དྲི་བ་དྲི་ལན་བྱས་ཤིང་གསུང་བཤད་གལ་ཆེན་གནང་། ཚོགས་མི་རྣམས་ཀྱིས་ཚོགས་པའི་སྒྲིག་གཞིའི་ཐད་ནས་བགྲོ་གླེང་མང་དུ་བྱས།

IMG_4136.jpg
IMG_4070.jpgIMG_4143.jpg
IMG_4091.jpg

ཆུ་ཚོད་༢་༣༠་ནས་ཐེངས་འདིའི་རྒྱུན་ལས་ལས་འཛིན་ཚོགས་འདུའི་མཇུག་སྡོམ་གྱི་ཚོགས་འདུ་འཚོགས། ཕྱི་དྲོའི་དུས་ཚོད་༦་༡༠་སྟེང་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་ཡོངས་སུ་མཇུག་བསྒྲིལ་ཏེ་བསྟན་རྒྱས་སྨོན་ལམ་གསུངས་པ་དང་རྒྱལ་ཁའི་ངང་གྲོལ་བ།།

ཞེས་དྲུང་ཡིག་ཚན་ཁག་གིས་ ༢༠༡༤ ལོའི་ཟླ་བ་ ༡༡ པའི་ཚེས་ ༢ ཉིན་ཁྱབ་བསྒྲགས་བྱས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།