གླང་ཆེན་ཁ་འབབ་སྟོད་རྒྱུད་དུ་གནའ་བོའི་ཞང་ཞུང་རིག་གནས་ཀྱི་རིམ་མཐོའི་བང་སོ་རྙེད་པ།

གླང་ཆེན་ཁ་འབབ་སྟོད་རྒྱུད་དུ་གནའ་བོའི་ཞང་ཞུང་རིག་གནས་ཀྱི་རིམ་མཐོའི་བང་སོ་རྙེད་པ།

b0f9272c78885b5a0ce37052231107cb

2014ལོའི་སྤྱི་ཟླ6~9བར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གཉིས་ནས་མཉམ་འབྲེལ་གྱིས་བོད་ལྗོངས་མངའ་རིས་གླང་ཆེན་ཁ་འབབ་ཀྱི་སྟོད་རྒྱུད་དུ་གནའ་རྫས་རྐོ་འཚོལ་གྱི་ལས་ཀ་བསྒྲུབས་པར། ཞང་ཞུང་རྒྱལ་རབས་སྐབས་ཀྱི་བང་སོ་ཡོད་པའི་ཡུལ་གཉིས་ནས་ས་དུར་གཅིག་དང་དོང་དུར་ལྔ་རྙེད་ཅིང་། དེ་ལས་རིག་དངོས་རྩ་ཆེན་འགའ་ལག་སོན་བྱུང་བས། གནའ་བོའི་ཞང་ཞུང་རིག་གནས་བསྐྱར་གསོ་ཞིབ་འཇུག་ལ་དཔྱད་གཞི་གལ་ཆེན་དུ་འདོན་སྤྲོད་གནང་ཡོད་པ་རེད།1000868c2508f2a041fd3abf3f52ff99

  མངའ་རིས་ཁུལ་གྱི་སྒར་རྫོང་གི་གུ་རུ་གྱམ་དང་རྩ་མདའ་རྫོང་གི་མཁར་ནུབ་ཀྱི་གླང་ཆེན་ཁ་འབབ་ལྷོ་འགྲམ་དུ་གནའ་བོའི་བང་སོའི་རིགས་མི་འདྲ་བ་གཉིས་ཙམ་རྙེད་ཅིང་། དེ་ལས་ཤིང་གི་དུར་སྒམ་དང་གསེར་གྱི་ཞལ་འབག ཟངས་དང་ལྕགས། ཤིང་གི་ཡོ་ཆས་སོགས་བཏོན་པ་མ་ཟད། དོང་དུར་ལྔ་ལས་གྲུ་བཞི་ནར་མོའི་དུར་སྒམ་དང་། རྫ་མ་ཆེ་ཆུང་སྣ་ཚོགས། རྟ་དང་ལུག་སོགས་སྲོག་ཆགས་ཀྱི་རུས་པ་མང་པོ། མི་རུས་ཆ་ཚང་དང་གཤིན་རྫས་མང་པོ་བཅུག་ཡོད། མ་ཟད་ཤིང་གི་སོ་མང་དང་ཟངས་ཀྱི་མེ་ལོང་ཡུ་བ་ཅན། པང་གཅལ་ཚོན་རིས་ཅན། ཁལ་འཐག་ཡོ་ཆས། རྫ་མ་ཚོན་རིས་ཅན། མཆོང་སོགས་མང་པོ་བྱུང་། 

 7d63d449598798836676ba66ddad25aa

རྩ་མདའ་རྫོང་གི་བང་སོ་ནས་རྙེད་སོན་བྱུང་བའི་གཞི་གྲངསC14ལྟར་ན། བང་སོ་དེ་རིགས་ནི་ལོ་ངོ1800ཡས་མས་སུ་བྱུང་བར་འདོད་ཅིང་། དུས་སྐབས་དེ་ནི་ཞང་ཞུང་རྒྱལ་རབས་དར་རྒྱས་ཆེ་བའི་སྐབས་ཡིན་ལ། གླང་ཆེན་ཁ་འབབ་ཀྱི་སྟོད་རྒྱུད་ནི་གནའ་བོའི་ཞང་ཞུང་གི་དབང་སྒྱུར་ལྟེ་གནས་ཡིན་པས། གཤིན་པོ་དེ་ཞང་ཞུང་གི་སྐུ་དྲག་ཅིག་ཡིན་ཤས་ཆེ་ཞེས་དཔྱད་བརྗོད་གནང་འདུག དེ་རིགས་ཀྱིས་ང་ཚོས་གནའ་བོའི་ཞང་ཞུང་གི་སྤྱི་ཚོགས་འཚོ་བའི་རྣམ་པ་དང་། མངའ་རིས་གུ་གེ་རྒྱལ་རབས་སྐབས་ཀྱི་གནའ་ཤུལ་གྱི་འདྲ་ས་དང་ཉེ་འབྲེལ་ས་ཁུལ་དག་གི་རིག་གནས་དང་འཚོ་བ། ཁོར་ཡུག སྡོད་གནས། ཡུལ་སྲོལ་སོགས་རིག་གནས་སྣ་མང་ཅན་ལ་ཞིབ་འཇུག་གནང་བའི་དཔྱད་གཞི་གལ་ཆེན་ཞིག་འདོན་སྤྲོད་གནང་ཡོད་པ་རེད།

མཚོ་སྔོན་པོ་དྲ་ཚིགས་ལས་དྲངས།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།