སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེའི་གསུང་འབུམ་པར་དུ་བསྐྲུན་པ།

image

1.རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
སྐྱང་སྤྲུལ་དྲི་མེད་འོད་ཟེར་ནི་སྤྱི་ལོ་༡༩༣༥ལ་མདོ་སྨད་ཐེ་ཆུའི་སྨད་རྒྱུད་ཀྱི་པེ་ཆུང་གྲོང་ཚོར་འཁྲུངས་ཤིང་།ཁོང་ནི་ཨ་སྐྱིད་སྐྱང་ཚང་དགོན་བཀྲ་ཤིས་གཡུང་དྲུང་དར་རྒྱས་གླིང་གི་དགོན་བདག་བླ་མ་དང་།རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ།མཛོད་དགེ་རྫོང་བོད་སྨན་ཁང་གི་དགེ་རྒན་དང་སྨན་དཔྱད་ཞིབ་འཇུག་པ་དང་གཙོ་བཅོས་སྨན་པ།ཞིང་ཆེན་རིམ་པའི་བོད་སྨན་ཆེད་མཁས་པ་དང་འབུམ་རམས་པ་ཆེན་མོ་བཅས་དང་།ད་ལྟ་ལས་་ཁུངས་ནས་བགྲེས་ཡོལ་གནང་སྟེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་ལྷུར་བཞེས་ཀྱི་ངང་དུ་བཞུགས་མུས་སུ་མཆིས་སོ།།

2.གསུང་རྩོམ་གྱི་ནང་དོན་གནད་བསྡུས།
སྟོན་པ་གཤེན་རབ་ཀྱིས་རྒྱ་ནག་ཡུལ་དུ་འགྲོ་དོན་མཛད་ཚུལ་དང་།མཛོད་དགེ་རྫོང་ཁོངས་ཀྱི་བོན་དགོན་ཁག་གི་ལོ་རྒྱུས།སྐུ་གཟུགས་ཐིག་རྩ་མདོ་ལུང་བཀྲལ་བ།གནའ་སྔོན་བོད་ཀྱི་གསོ་རིག་བྱུང་ཚུལ་དང་སྨན་འབུམ་རྒྱུད་བཞིར་བསྒྱུར་ཚུལ།བད་སྨུག་ཕོ་མཆིན་ལ་བབས་པ་དང་ཕོ་འཁུམ་ནད་ཀྱི་བརྟག་བཅོས་ཉུང་བསྡུས།གསོ་རིག་བསྟན་པ་རྒྱས་པའི་སྨོན་ལམ།འབྱུང་རྩིས་རྒྱ་ནག་ལྡིང་སྐོར་ཟུར་འདེགས།སྐར་རྩིས་ལུགས་ཀྱི་ལོ་ཐོ་འགའ་རེ།ཉི་ཟླ་གཟའ་འཛིན་གྱི་མྱོང་བྱང་ཐོར་བུ།རྒྱལ་ཡོངས་གཅིག་གྱུར་བོད་ལུགས་གསོ་རིག་ཆེད་གཉེར་འབྲིང་རིམ་སློབ་དེབ་དང་།དུས་རབས་ཉེར་གཅིག་པའི་རྒྱལ་ཡོངས་གཅིག་གྱུར་བོད་ལུགས་གསོ་རིག་སློབ་ཆེན་དངོས་གཞིའི་སློབ་དེབ་ལས།བྱིས་པ་གསོ་བ་ཞེས་པའི་སློབ་དེབ།རྔ་བ་ཁུལ་རིག་གནས་ལོ་རྒྱུས་དཔྱད་ཡིག་འདེམ་བསྒྲིགས་ཐེངས་ཉེར་གཉིས་པ་རྔ་བ་ཁུལ་བོད་ཀྱི་གསོ་རིག་ལོ་རྒྱུས་ཞེས་པ་ལས་ལེ་ཚན་ཁ་ཤས།གསོ་རིག་རྒྱུད་ཆུང་གསུམ་ཞལ་ཁྲིད་ཀྱི་ཟིན་བྲིས་རདྣའི་མགུལ་རྒྱན།བསླབ་པ་རིན་པོ་ཆེ་གསུམ་གྱི་རྣམ་བཤད་དང་ཉམས་སུ་ལེན་ཚུལ།གྲུབ་མཐའི་རྣམ་བཞག་གློག་གི་སྒྲོན་མེ།བོན་གྱི་གྲུབ་མཐའི་ངོ་སྤྲོད་ཉུང་བསྡུས།རྩ་རླུང་ཞལ་ཤེས་འཕྲུལ་ལྡེའི་ཟུར་འདེགས།འདུ་ཁང་དང་མཆོད་རྟེན་དཀར་ཆག་གི་སྐོར།བསྟོད་ཚིག་གསོལ་འདེབས་དང་ཞབས་བརྟན་གྱི་སྐོར།ཞལ་གདམས་བསླབ་བྱ་དང་འཕྲིན་ཡིག་གི་སྐོར།བཀའ་རྟགས་གསལ་བཤད་དང་དཔྱད་གླེང་གི་སྐོར།སྦྱིན་སྲེག་སོགས་ཀྱི་ཟུར་འདེགས།སྐྱབས་ཞུ་དང་བསང་ཡིག་དང་འཕྲིན་བཅོལ་གྱི་སྐོར་སོགས་གསུང་རབ་གླེགས་བམ་དྲུག་བཞུགས་སོ།།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།