རྒྱལ་སྤྱིའི་བོན་གྱི་ཚོགས་འདུ།


སྤྱི་ལོ ༢༠༠༨ ལོའི་སྤྱིའ་ཟླ ༦ པའི ཚེས་༢༣ ཉིན་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས་རྒྱལ་སྤྱིའི་བོན་གྱི་ཚོགས་འདུ་ཧྥ་རན་སིའི་རྒྱལ་ས་པཱ་ལིས་༼Paris༽དང་བར་ཐག་ས་ལམ་བདུན་ཅུ་ཙམ་ཡོད་པའི་གཤེན་བསྟན་དར་རྒྱས་གླིང་ནས་ཚོགས། ཐེངས་འདིའ་ཚོགས་འདུར་བོད་ཀྱི་ཤེས་རིག་སྨྲ་བའི་དབང་བོ་རྒན་མཁར་རྨེའུ་བསམ་གཏན་མཆོག་དང་གཤེན་བསྟན་དར་རྒྱས་གླིང་གི་མཁན་པོ་བསྟན་པ་གཡུང་དྲུང་གཉིས་ཀྱིས་གཙོ་འགན་བཞེས་ཤིང་། ཚོགས་འདུ་རུ་བོད་ཀྱི་ཤེས་རིག་སྨྲ་བའི་དབང་པོ་མཁར་རྨེའུ་བསམ་གཏན་དང་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཚོགས་འདུའི་ཀྲུའུ་ཞི་ཁྲ་ལིས་སི་རམ་པོལ༼Charles Ramble༽ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཚེ་རིང་ཐར་སོགས་ཀྲུང་གོ་དང་ཨ་མེ་རུ་ཁ། ཧྥ་རན་སི། ཁཱ་ན་ཊ། འཇར་པན། སི་ཕན་ཡ་སོགས་ཀྱི་ཆེད་མཁས་སུམ་ཅུ་ལྷག་ཕེབས་ཡོད་ལ། ཚོགས་ཐོག་ནས་མཁས་པ་རྣམས་ཀྱིས་བོན་གྱི་བསྟན་པ་དང་ལོ་རྒྱུས། དམངས་སྲོལ་སོགས་ཕྱོགས་སྣ་ཚོགས་ནས་བྲིས་ཡོད་པའི་དཔྱད་རྩོམ་བསྒྲགས་འདོན་དང་འབྲེལ་ཡོད་གནད་དོན་སྐོར་ལ་བགྲོ་གླེང་མཛད། རང་རྒྱལ་ནས་ཐེངས་འདིའི་ཚོགས་འདུར་ཞུགས་མཁན་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཚེ་རིང་ཐར་དང་། ཞིབ་འཇུག་སློབ་མ་གཡུང་དྲུང་སྐྱབས། དཀོན་མཆོག་ཚེ་རིང་། རྔ་བ་སྣང་ཞིག་དགོན་པའི་མཁན་པོ་བསྟན་འཛིན་ཕུན་ཚོགས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རྒན་ཤར་བ་ཐོགས་མེད་བཅས་མི་སྣ་ལྔ་ཡོད།

༢༠༠༨ལོའི༼དཔྱོད་ལྡན་མཆོད་པའི་མེ་ཏོག༽ལས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།