སངས་རྒྱས་གཡུང་དྲུང་བོན་གྱི་རིག་གནས་འཆད་ཁྲིད་བྱ་འགུལ།

སངས་རྒྱས་གཡུང་དྲུང་བོན་གྱི་རིག་གནས་འཆད་ཁྲིད་བྱ་འགུལ།

རེབ་གོང་ས་ཁུལ་ནས་སངས་རྒྱས་གཡུང་དྲུང་བོན་གྱི་རིག་གནས་འཆད་ཁྲིད་བྱ་འགུལ་སྤེལ་བ།

      ཕ་མེས་ཡང་མེས་ཀྱི་ཤུལ་བཞག་རིག་དངོས་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུ་ནི་ང་ཚོ་མི་རབས་འདིའི་ཕྲག་སྟེང་དུ་བབ་པའི་འོས་འགན་གཡོལ་ཐབས་མ་མཆིས་པ་ཞིག་རེད་ལ། ང་ཚོའི་རྗེས་ན་འཚར་ལོངས་འབྱུང་བཞིན་པའི་གཞོན་རབས་རྣམས་སྐྱེད་སྲིང་བྱེད་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བ་སྨོས་ཅི་འཚལ།       རེབ་གོང་རིག་པ་འབྱུང་བའི་ཞིང་ཁམས་འདིར་དང་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྔ་དར་དང་། དེ་ནས་གསང་སྔགས་རྙིང་མ་དང་རི་བོ་དགེ་ལྡན་པའི་བསྟན་པ་རིམ་བཞིན་དར་བས། ཤུལ་བཞག་རིག་དངོས་སྣ་ཚོགས་ཀྱིས་བརྒྱན་པའི་ཡུལ་འདིའི་ལོ་རྒྱུས་རིང་ཞིང་ཁ་དཔེ་ལའང་། གནམ་ལ་ཉི་ཟླ་སྐར་གསུམ་དང་ས་ལ་བོན་རྙིང་བན་གསུམ་གྱི་བསྟན་པ་དར་ཞེས་གྲགས་སོ།། དེང་ཆར་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དང་། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་འདུས་སྤྱི་གཉིས་མཉམ་འབྲེལ་བྱས་ཏེ། ད་ལོའི་ལོ་མཇུག་གི་གནས་བབ་དང་བསྟུན་ནས་བོད་ཟླ ༡༢ ཚེས ༡ ནས་ཚེས ༡༥ བར་ལ། རང་རེ་གཡུང་དྲུང་བོན་ལུགས་འཛིན་པའི་སྒྲུབ་གཤེན་སྤྱི་དང་དད་ལྡན་ཕོ་མོ་རྣམས་ལ་སྔོན་འགྲོ་བསག་སྦྱང་གི་ཁྲིད་དང་། གཞོན་སྐྱེས་རྣམས་ལ་ལོ་རྒྱུས་དང་དག་ཡིག་གི་དཔེ་ཁྲིད་བྱེད་རྒྱུ་ཡིན་པ་གཏན་འཁེལ་བྱུང་། དཔེ་ཁྲིད་ས་ཚིགས་བདུན་དུ་ཁག་བགོས་ཤིང་། ཐོག་མའི་མཛུབ་ཁྲིད་དགེ་རྒན་རྣམས་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་བཀོད་སྒྲིག་བྱས་ཡོད།     ༡ དཔེ་ཁྲིད་ས་ཚིགས་དང་པོ་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་། དགེ་རྒན་བསྟན་པ་དར་རྒྱས། སློབ་མ་དགོན་པ་དང་ཡར་ནང་བོན་སྡེ་ཁ་གསུམ། ༢ ས་ཚིགས་གཉིས་པ་ཁྱུང་བོ་སྨད་པ། དགེ་རྒན་བསྟན་པའི་ཉི་མ། སློབ་མ་ཁྱུང་བོ། གླིང་བརྒྱ་ས་སོ་མ། སྡོང་སྐམ། ཚོ་འདུ། དར་གྲོང་། ཉིན་མཐའ།   ༣ ས་ཚིགས་གསུམ་པ་སྐྱི་ཀུན་ཁྱབ་གླིང་། དགེ་རྒན་གཡུང་དྲུང་བསྟན་འཛིན། སློབ་མ་སྐྱི་ཁ་གསུམ་དང་ངོ་མོ་གྱང་རི།༤ ས་ཚིགས་བཞི་བ་ཁྱུང་བོ་ལ་ཁ། དགེ་རྒན་འཇིགས་མེད་བཤད་སྒྲུབ། སློབ་མ་རུ་གོང་ཞོལ། སྟོང་ཆེ། ཁྱུང་བོ། ནོའུ་རོང་། ༥ ས་ཚིགས་ལྔ་བ་རྩེ་ཁོག་སོ་ནག་དགོན(དུས་ཚིགས་ལོ་རྗེས་མའི་ཟླ༡ནས༢ནང་།) ༦ ས་ཚིགས་དྲུག་པ་བོན་བརྒྱ་ཆོས་ལུང་(དུས་ཚིགས་ལོ་རྗེས་མའི་ཟླ༡ནས༢ནང་།) ༧ ས་ཚིགས་བདུན་པ་བོན་བརྒྱ་འབྲོག(མང་རའི་ཕྱོགས་ཏེ་དུས་ཚིགས་ལོ་རྗེས་མའི་ཟླ༡ནས༢ནང་།)  ༼པར་རིས་གསར་འགྱུར་འདིར་གཟིགས། ༽

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།