རེབ་གོང་བོན་བརྒྱ་དགོན་གྱི་མཉམ་མེད་དུས་ཆེན།

རྩོམ་འབྲི་བ།      རྩེ་གཡུང་དྲུང་།

དེ་ཡང་སྐལ་བཟང་ཤིང་མོ་ལུག་གི་གནམ་ལོ་གསར་དུ་ཚེས་པའི་དུས་བཟང་གངས་ཅན་འགྲོ་བའི་མགོན་པོ་རྒྱལ་བ་མཉམ་མེད་ཆེན་མོའི་དུས་ཆེན་ཧོར་ཟླ་དང་པོའི་ཚེས་གསུམ་ཉིན་གྱི་སྔ་དྲོའི་ཆར་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བོན་ནག་དགེ་བཤེས་ཆེན་མོ་ཡེ་ཤེས་བློ་གྲོས་ཚང་གྲྭ་ཚང་འདུས་པ་རྒྱ་མཚོས་གཙུག་ལག་ཁང་ཆེན་དུ་ཕེབས་བསུ་མཛད་དེ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་གཞུང་བསྲིངས་ཤིང་།    My lama11མཚན་ལྡན་བླ་མ་མཆོད་པའི་ཆོ་ག་དང་འབྲེལ་ཏེ་མཁན་པོའི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད་ཅིང་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེར་མཛད་། My lama12མཁན་པོ་ཚང་ནས་ཀྱང་རང་དགོན་གྱི་བླ་མ་གྲྭ་ཚང་ལ་ཚོགས་མང་སྐུ་འགྱེད་གཏོང་སྒོ་ཕུན་སུམ་ཚོགས་པ་བྱས།  བར་སྐབས་རྣམས་སུ་ལྔ་རིག་གཞུང་ཆེན་སློབ་གླིང་གི་སློབ་བུ་རྣམས་ནས་གཞུང་ཆེན་ལྔའི་རྩ་འགྲེལ་རྣམས་བློ་རྒྱུགས་སུ་ཕུལ། My lama10ཚེས་ལྔ་ཉིན་མཉམ་མེད་གོས་སྐུ་ཆེན་མོའི་གསར་ཞལ་ལེགས་པར་ཕྱེས་ཏེ་སྤྱན་འདྲེན་ཁྲུས་གསོལ་རབ་གནས་མངའ་གསོལ་བསྔོ་སྨོན་ཡང་དག་གནངས་ཤིང་།My lama07My lama01མཁན་པོ་ཚང་གི་དབུ་ཁྲིད་འོག་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་རྣམས་ལ་རྩོད་སྤང་དང་སྒྲོ་འདོགས་བཅད་དགུང་མོ་ཡང་གླིང་མེ་མཆོད་འབུལ་དང་འབྲེལ་དེ་རིམ་བཞིན་འཛིན་གྲྭ་སོ་སོས་མཚན་འཕུད་དམ་བཅའ་རྒྱ་ཆེན་པོ་བཙུགས་ཏེ་ལེགས་པར་གྲོལ།My lama04My lama06My lama09My lama05My lama08My lama03

 

 

 

 

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།