ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བོན་གྱི་ མཐོ་རམས་པའི་སློབ་མ་བསྡུ་གྲབས་ཡོད།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དགོངས་པ་ལྟར། ཟླ ༣ ཚེས༡ ཉིན་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འཐུས་ཚབ་མི་སྣ་ཟི་ཁྲོན་དུ་ཐོན་ཞིང་། ས་གནས་འགོ་ཁྲིད་ཀྱིས་ཕེབས་རོགས་འོག ཉིན༡༠ རིང་ལ་རྔ་བ་རྫོང་གི་སྣང་ཞིག་དགོན་པ་དང་རྟོགས་ལྡན་དགོན་པ། ཉག་རོང་ཡེ་ཤེས་དགོན་པ་བཅས་སུ་སོང་ནས་གཡུང་དྲུང་བོན་གྱི་མདོ་ཕྱོགས་བཀའ་པོད་རྣམ་ལྔའི་གཞུང་ཁྲིད་ཡིག་ཆ་གཙོ་བོ་ཁག་དང་། དགེ་བཤེས་གཏོང་ལུགས་བཅས་ལ་བརྟག་དཔྱད་ ཞིབ་འཇུག་བྱས་ཁར། སྨོན་རྒྱལ་ལྷ་སྲས་སོགས་བོན་གྱི་བླ་སྤྲུལ་འགའ་ལ་མཇལ་འཕྲད་ཞུས་ཏེ་བོན་པོ་ཁྲི་སྟོང་གི་རེ་བ་དང་བསམ་འཆར་སྙན་ཞུར་ཕབས་ནས་གོང་རིམ་ལ་ཕུལ་བ་རེད། འདིས་ཀྱང་དུས་རབས་གསར་བའི་བླང་བྱ་ལྟར་བོད་བརྒྱུད་ནང་བསྟན་གྲུབ་མཐའ་སོ་སོས་ཕན་ཚུན་གོང་བཀུར་དང་མཐུན་སྒྲིལ་བརྩོན་ལེན་བྱེད་པའི་རྟགས་མཚན་བཟང་པོ་མཚོན་ནུས་པ་ལགས་སོ། །

༢༠༠༨ལོའི༼དཔྱོད་ལྡན་མཆོད་པའི་མེ་ཏོག༽ལས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།