རྒྱལ་རོང་བཤད་སྒྲུབ་སློབ་གླིང་དབུ་བརྙེས་ནས་ལོ་ངོ་གཉིས་འཁོར་བའི་རྟེན་འབྲེལ་མཛད་སྒོ་སྤེལ་བ།

རྒྱལ་རོང་བཤད་སྒྲུབ་སློབ་གླིང་དབུ་བརྙེས་ནས་ལོ་ངོ་གཉིས་འཁོར་བའི་རྟེན་འབྲེལ་མཛད་སྒོ་སྤེལ་བ།
རྩོམ་པ་པོ།   རྒྱལ་མོ་རྔུལ་ཆུ་རྩོམ་སྒྲིག་ཚོ་ཆུང་།001དང་པོ། ཤར་རྒྱལ་མོ་རོང་གི་སྐྱབས་རྗེ་ལི་ཤུ་ཚང་གིས་དགོན་སྡེའི་སློབ་གསོའི་ཐད་ནས་གཏམ་བཤད་གནང་ཐོག མཁན་པོ་སྒོ་རིགས་ཤེས་རབ་གྲགས་པ་གཙོས་དགེ་རྒན་ལྷན་རྒྱས་ནས་རྒྱལ་རོང་བཤད་སྒྲུབ་སློབ་གླིང་དབུ་བརྙེས་ཏེ་ལོ་ངོ་གཉིས་འཁོར་བར་རྟེན་འབྲེལ་གསུང་བཤད་གནང་བ།002གཉིས་པ།  ཐེངས་འདིའི་ལོ་འཁོར་བློ་རྒྱུགས་ཆེན་མོའི་ཁྲོད་གྲྭ་གཞོན་སློབ་གཉེར་བ་༼ ༢༣ ༽ལ་གཟེངས་བསྟོད་མཚན་རྟགས་གནང་བ།003གསུམ་པ།    2014.5. — 2015.5 བར་གྱི་ལོ་འཁོར་གཞུང་རྒྱུགས་ཆེན་མོ་དང་རིག་གནས་རྒྱུགས་སྤྲོད་ཆེན་མོའི་ཁྲོད་གྲུབ་འབྲས་འབུར་ཐོན་བྱུང་བའི་གྲྭ་གཞོན་རིག་པ་ཅན་དགུ་ཐོན་པ།004བཞི་བ། 2014.5. — 2015.5 བར་གྱི་བདུན་ཕྲག་སྤྱི་སྐར་ཕྱོགས་བསྡོམས་ཁྲོད་རྒྱུགས་འབྲས་ལེགས་པོ་ཐོན་པའི་གྲྭ་གཞོན་དད་བརྩོན་ཅན་གསུམ་བྱུང་བ་དང་། སློབ་གླིང་གི་ཚོགས་གཙོ་སྒོ་རིགས་ཤེས་རབ་གྲགས་པ་མཆོག་དང་ཚོགས་གཞོན་རྒན་བོན་ནག་ཡེ་ཤེས་བློ་གྲོས་རྣམ་པ་གཉིས་ཀྱིས་ལས་ཐོགས་ངལ་གསོ་གནང་བ་དང་རྒན་དམུ་རིགས་བསྟན་འཛིན་དབང་གྲགས་ལགས་ཀྱིས་སློབ་གླིང་གི་ཚོགས་གཙོ་དང་རྒན་ས་ཁའི་བློ་ལྡན་པས་ཚོགས་གཞོན་གྱི་ཐུགས་འགན་བཞེས། མཐར་སློབ་གླིང་འདི་གསར་འཛུགས་བྱེད་པོ་ལི་ཤུ་གཤེན་རྒྱལ་བསྟན་འཛིན་ནས་དགེ་སློབ་ལྷ་འབངས་དང་བཅས་པར་སྨྲ་སེང་གི་དབང་བསྐུར་བ་དང་འབྲེལ་ཏེ་ན་བཟའ་རིས་དྲུག་སོགས་ཕྱག་འགྱེད་རྒྱ་ཆེར་གནང་བ་བཅས་རྟེན་འབྲེལ་མཛད་སྒོ་མཇུག་བསྡུས་པ་ལགས་སོ།།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།