ཞང་ཞུང་རིག་གནས་ལོ་རྒྱུས་སྙན་རྩོམ་གྱི་དངོས་བྲིས་གློག་བརྙན་ཐོག་མ《ཞང་ཞུང》ཕབ་བསྐྲུན་གྱི་མཛད་སྒོ་བསྡུས།

རྩོམ་པ་པོ། ལྷ་མོ་ཚེ་སྐྱིད།                   མཚོ་སྔོན་པོ་དྲ་བ།

13354644fd0aa04e8afd1e9a1700e035
ཀྲུང་གོའི་ཞང་ཞུང་རིག་གནས་ལོ་རྒྱུས་སྙན་རྩོམ་རིང་མོའི་དངོས་བྲིས་གློག་བརྙན་ཐོག་མ 《ཞང་ཞུང》ཕབ་བསྐྲུན་གྱི་མཛད་སྒོ་པེ་ཅིང་དུ་བསྡུས།

 

3475a77d2cba0c50c2d54861936ccbde
དགེ་རྒན་ཆེན་མོ་ཚེ་རིང་ཐར(གཡས)དང་གླུ་བ་སྐལ་བཟང་བསྟན་འཛིན(དབུས) སོགས་གཙོ་འདོན་མི་སྣའི་མཉམ་པར།

 

1ab5a79dcfb144dc4c1d5aeb1bc095cd
གླུ་བ་སྐལ་བཟང་བསྟན་འཛིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་པ།

 

སྤྱི་ཟླ6པའི་ཚེས7ཉིན། ཀྲུང་གོའི་ལོ་རྒྱུས་སྙན་རྩོམ་རིང་མོའི་དངོས་བྲིས་གློག་བརྙན་ཐོག་མ《ཞང་ཞུང》ཞེས་པའི་གཙོ་འདོན་མི་སྣའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་དེ་པེ་ཅིང་ཀྲུང་དབྱང་བརྙན་འཕྲིན་ཁང་མའེ་ཏའེ་ཡཱ་ལྟེ་གནས་སུ་བསྡུས། རིག་གནས་པུའུ་དང་དྲིལ་སྒྲོག་པུའུ་ཡི་འགོ་ཁྲིད་ལས་གཞན་ད་དུང་། རྒྱལ་སྤྱིའི་མིང་དུ་གྲགས་པའི་བོད་རིག་པའི་ཆེད་མཁས་པ་སྟེ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཐར་དང་། ཐུབ་བསྟན་ཕུན་ཚོགས། ངག་དབང་རྒྱ་མཚོ། ཐོགས་མེད། དེ་མིན་བརྙན་འཕྲིན་ཁང《གོང་མ་ཁང་ཞི》ཡི་སྤྱིའི་འཁྲབ་ཁྲིད་པ་ལིན་ཧོང་སོགས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ལ། ཚང་མས་ལྟ་ཚུལ་དང་འདོད་བློ་ལྷུག་པོར་བརྗོད་དེ་དངོས་བྲིས་གློག་བརྙན《ཞང་ཞུང》ཕབ་བསྐྲུན་བྱེད་པར་རྨང་ལེགས་པོ་བཏིངས།

དངོས་བྲིས་གློག་བརྙན་འདི་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་གི《ཕ་ཡུལ》ཞེས་པའི་ལེ་ཚན་ཚན་ཆུང་དང་བོད་ལྗོངས་ལྷ་ས་གྲོང་ཁྱེར་རིག་དངོས་ཅུའུ། པེ་ཅིང་ཀྲུང་ཙི་རྒྱང་རིང་སྨྱན་བརྒྱུད་བཅས་མཉམ་འབྲེལ་སྒོས་སྒྲུབ་པ་ཞིག་ཡིན་ལ། 《ཞང་ཞུང》ནི་ལོ་རྒྱུས་ཀྱི་བརྩམས་ཆོས་ཆེན་མོ་ཞིག་ཡིན་པ་སྨོས་མ་དགོས་ཤིང་། ཞང་ཞུང་རིག་གནས་ཀྱི་དྲན་ཤིང་དུ་ངེས། དངོས་བྲིས་གློག་བརྙན་འདིས་ཕྱོགས་མི་འདྲ་བའི་སྒོ་ནས་གནའ་བོའི་དཔལ་ཡོན་གྱི་དར་རྒུད་ངོམས་རྒྱུ་དང་། ལངས་ཕྱོགས་མི་འདྲ་བའི་ངང་ངོ་མཚར་ཆེ་བའི་བཙན་པོའི་རྒྱལ་རབས་མིག་གི་དགའ་སྟོན་དུ་ཕུལ་ངེས།

མིང་དུ་གྲགས་པའི་གླུ་བ་སྐལ་བཟང་བསྟན་འཛིན་ཡང་ཐེངས་འདིའི་དངོས་བྲིས་གློག་བརྙན《ཞང་ཞུང》ཕབ་བསྐྲུན་ཁྲོད་རོལ་མོའི་སྤྱིའི་ལྟ་སྐུལ་པའི་འགན་ཁུར་ཡོད།

ཞང་ཞུང་རིག་གནས་ལོ་རྒྱུས་སྙན་རྩོམ་གྱི་དངོས་བྲིས་གློག་བརྙན་ཐོག་མ《ཞང་ཞུང》ཕབ་བསྐྲུན་གྱི་མཛད་སྒོ་བསྡུས།” སྟེང་དུ་དཔྱད་མཆན 1 ཡོད།

  1. 信仰

    磕长头的朝圣者
    千山万水的距离,
    你用虔诚的身躯去丈量。
    究竟有多远?
    它只在你心里。
    千山万水的艰辛,
    你刻在额头厚厚的老茧里。
    究竟有多苦?
    它只在你心里。
    一路的风景,
    你画在勇敢的双手里。
    究竟有多美?
    它只在你心里。
    朝气蓬勃的青年,
    白发苍苍的老者!
    我噙着泪水的双眼,
    不是因为风沙,
    只为你虔诚、神圣的信仰!
    朝气蓬勃的青年,
    白发苍苍的老者!
    我合掌深深的一拜,
    不是朝着极乐西方,
    只朝着你虔诚、神圣的信仰!

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།