མུ་ཁྲི་བཙན་པོའི་དཔྱད་རྩོམ་བདམས་བསྒྲིགས་འགྲེམ་སྤེལ་གནང་བའི་མཛད་སྒོ་སྤེལ་བ།

དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་དཔྱད་རྩོམ་བདམས་བསྒྲིགས་འགྲེམ་སྤེལ་གནང་བའི་མཛད་སྒོ་སྤེལ་བ།

རྩོམ་པ་པོ། དགའ་མལ་དགོན་ཆེན་གྱི་དྲུང་ཡིག་ཚན་ཁག

702 002  003 དེ་ཡང་༢༠༡༥ལོའི་ཟླ་བ་༦པའི་ཚེས་༢༩ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་བའི་སྟེང་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མ་ཏྲིའི་སྨོན་ལམ་སྒྲུབ་ཆེན་ཉིན་དྲུག་པའི་ཉིན་ལ། གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་དཔྱད་རྩོམ་བདམས་བསྒྲིགས་འགྲེམ་སྤེལ་གནང་བའི་མཛད་སྒོ་སྤེལ། 201

མཛད་སྒོའི་སྟེང་དུ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ། རིན་སྤུངས་དགོན་པའི་དབུ་བླ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན། སྣང་ཞིག་ལྕགས་མདུད་ཟླ་བ་རྒྱལ་མཚན། དགའ་མལ་དགོན་པའི་བྲག་རྒན་བླ་མ་བསྟན་འཛིན་ཚུལ་རྒྱལ། བྲག་དཀར་གཡུང་དྲུང་དགོན་པའི་བླ་མ་འབྲས་བུ་བོན་འཛིན། སྐྱིད་འཛོམས་དགོན་པའི་བླ་མ་ཤེས་རབ་གོང་འཕེལ། ཁོད་སྤུངས་དར་རྒྱས་དགོན་པའི་བླ་མ་ཚེ་དབང་གཡུང་དྲུང་སོགས་བླ་སྤྲུལ་ཁག་དང་། 303 301 302དེ་བཞིན་ཟིང་ཆུ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་གཞོན་པ་སངས་བཀྲ་ཤིས། རྫོང་མི་རིགས་ཆོས་དོན་ཅུས་ཀྱི་ཅུས་གཞོན་བློ་ཐར། གསེར་ཆུ་ཡུལ་ཚོའི་དབུ་ཁྲིད་སྙན་གྲགས་རྗེ་སོགས་སྲིད་གཞུང་གི་དབུ་ཁྲིད་རྣམ་པ། 401གཞན་དགའ་མལ་དགོན་ཆེན་གྱི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྒན་གཞོན་སོགས་དང་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅས་ཀྱི་ཀྲུའུ་རེན་རྒན་གཞོན། བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དང་། མ་ཏྲིའི་སྨོན་ལམ་སྒྲུབ་ཆེན་དུ་ཕེབས་པའི་དགེ་འདུན་སེམས་དཔའི་སྡེ་བཅས་མཁན་སློབ་བླ་སྤྲུལ་སྲིད་གཞུང་མི་སྣ། གྲྭ་མང་འདུས་སྡེ་བཅས་མི་སྣ་ཉིས་བརྒྱ་ལྷག་ལྷན་འཛོམས་ཐོག་མཛད་སྒོ་དབུ་ཚུགས་མཛད། ཐོག་མར་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་དཔལ་བཟང་ལགས་ནས་མདོ་འཛིན་གནང་སྟེ་འཚོགས་འདུའི་འགྲོ་རིམ་དང་ནང་དོན་སོགས་མཚམས་སྦྱོར་གནང་། 501 502

དེ་ནས་གཙོ་སྒྲིག་པ་རིན་སྤུངས་ཚུལ་བསྟན་གྱིས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་འདི་ཉིད་༢༠༠༧ལོ་ནས་འགོ་ཚུགས་ཚུལ། ལོ་དེབ་འདི་བསྒྲིགས་དགོས་པའི་དམིགས་ཡུལ་དང་། ཁྱད་པར་དུ་༢༠༠༧ལོ་ནས་༢༠༡༤ལོའི་བར་གྱི་མུ་ཁྲི་བཙན་པོ་དེབ་བརྒྱད་ལེགས་རྩོམ་སོ་ལྔ་བདམས་བསྒྲིགས་བྱས་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱེད་ཚུལ་སོགས་ཀྱི་སྐོར་མཚམས་སྦྱོར་གནང་། 001དེ་ནས་༧སྤྱིའི་སློབ་སྟོན་པ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཟབ་རྒྱས་གནང་། དེ་ནས་དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་ནས་གསུང་བཤད་གནང་། 702 701དེ་ནས་མཛད་སྒོར་ཕེབས་པའི་མཁན་སློབ་བླ་སྤྲུལ་ཁག་དང་རྫོང་གི་དབུ་ཁྲིད་སོགས་ཀྱིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༼གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་དཔྱད་རྩོམ་བདམས་བསྒྲིགས་༽དེབ་དང་༢༠༡༤ལོའི་མུ་ཁྲི་བཙན་པོ་གཉིས་མཉམ་དུ་དབུ་འབྱེད་གནང་།

801
ཟིང་ཆུ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུའི་པུའུ་གཞོན་པ་སངས་བཀྲ་ཤིས་ལགས་ནས་གཏམ་བཤད་གནང་བཞིན་པ།

དེ་ནས་ཟིང་ཆུ་རྫོང་འཐབ་ཕྱོགས་གྱུར་པུའུའི་པུའུ་གཞོན་པ་སངས་བཀྲ་ཤིས་ལགས་ནས་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་ནང་བསྟན་མཐུན་ཚོགས། རྫོང་མི་རིགས་ཆོས་དོན་ཅུས་ཀྱི་ཚབ་བྱས་ཏེ་གསུང་བཤད་གལ་ཆེན་གནང་། 901 1003 1002 དེ་ནས་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་དང་། རིན་བླ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་གཙོས་པའི་བླ་སྤྲུལ་ཁག་དང་དགོན་པ་ཁག་གི་ཀྲུའུ་རེན་རྣམས་ཀྱིས་མཛད་སྒོ་འདི་དང་འབྲེལ་ཏེ་གསུང་བཤད་ཟབ་རྒྱས་གནང་།

1104 1103 1001 1101

དེ་ནས་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་དཔལ་བཟང་ལགས་ནས་མཛད་སྒོའི་མཇུག་བསྡོམས་དང་འབྲེལ་ཏེ་གསུང་བཤད་གནང་། 1201 1202 དེ་ནས་མཛད་སྒོར་བཞུགས་པའི་བླ་སྤྲུལ་སྐྱ་སེར་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་མཛད་སྒོ་མཇུག་སྒྲིལ། དེ་ནས་མཛད་སྒོར་བཞུགས་པའི་བླ་སྤྲུལ་སྐྱ་སེར་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་མཛད་སྒོ་མཇུག་སྒྲིལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།