ཀན་སུའུ་འབྲུག་ཆུ་ནས་བོན་གྱི་དཔེ་རྙིང་རྙེད་སོན་སྐོར།

ཡིག་བསྒྱུར་བ། གཡུ་བྱ་ཁུ་བྱུག     རྩོམ་ཁུངས། རེབ་གོང་བོན་མང་དྲ་བ། 

000001ཉེ་ལམ་ཀན་སུའུ་འབྲུག་ཆུའི་བོད་རིགས་དུད་ཁྱིམ་12ནས་གནའ་བོའི་བོན་གྱི་དཔེ་རྙིང་པོ་ཏི་180རྙེད། ཤོག་དྲལ2500དང་ཤོག་གྲངས21500ཡོད། དེ་མིན་གནོད་འཚེ་རིས་རྟགས་80དང་སྣ་ཚོགས་ཕྱག་མཚན་30རྙེད། ལན་ཀྲུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོས་ཞིབ་དཔྱད་བྱས་པར། བོན་གཞུང་འདི་དག་གི་ཡི་གེའི་ཁྱད་ཆོས་དང་ཡིག་གཟུགས་འབྲི་སྟངས། ཡིག་མགོའི་མཚོན་རྟགས། བར་བཅུག་རིས་རྟགས་སོགས་ལ་བལྟས་ན་དེ་ནི་སྲིད་པའི་བོན་དང་གཡུང་དྲུང་གི་བོན་གཉིས་ཀྱི་ཁུངས་སུ་གཏོགས་པའི་དཔེ་རྙིང་འབའ་ཞིག་རེད། ནང་དོན་གྱི་ཆ་ནས་གཙོ་བོར་གནམ་རིག་སྐར་རྩིས་དང་། གནམ་གཤིས་རྟགས་དཔྱད། ཐབ་ལྷའི་སྐོར། གསོལ་འདེབས་ཀྱི་སྐོར། ནད་བཅོས་ཉིན་བརྟག་གི་སྐོར། མཆོད་པའི་གཞི་བདག་གི་སྐོར། སྒྲ་བླའི་སྐོར། བླ་འགུག་གི་སྐོར། རིམ་གྲོའི་སྐོར་སོགས་ཡོད། དཔེ་རྙིང་འདིའི་ཡིག་གཟུགས་ཀྱི་ཁྱད་ཆོས་ནི་སྔོན་ན་མེད་པའི་སྐུང་ཡིག་གིས་རབ་ཏུ་བརྒྱན་ཡོད། ནང་དོན་དང་ཡིག་གཟུགས་ལ་བལྟས་ན་དེ་ནི་ཏུན་ཧོང་གི་བོན་གྱི་ཡིག་ཆ་དང་ཀན་སུའུ་ཏང་ཁྲང་ནས་གསར་རྙེད་བྱུང་བའི་བོན་གྱི་ཡིག་ཆ་གཉིས་ཕལ་ཆེར་ཆུ་ལ་ཆུ་བཞག་ཡིན། དེ་དག་ཁྲོད་ཀྱི་རིས་རྟགས་མང་ཆེ་ཤོས་ཧ་ཅང་གསང་བ་ལྐོག་གྱུར་ཡིན་པས་ནང་དོན་དངོས་གནས་རྟོགས་དཀའ་། དཔེ་རྙིང་འདི་དག་ནི་འབྲུག་དཀར་གཙང་པོའི་འབབ་རྒྱུན་གྱི་ཁྱད་རྟགས་གལ་ཆེན་མཁོ་འདོན་བྱེད་པར་གཞི་འཛིན་སའི་རིག་གཞུང་གི་རིན་ཐང་ཤིན་ཏུ་མཐོ།00003

ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཨ་མདོ་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ནམ་དགེ་རྒན་ཆེན་མོ་སངས་རྒྱས་མཁར་གྱིས་ཨ་མདོ་ས་ཁུལ་གྱི་ཁྲོད་ན་འདི་འདྲའི་དཔེ་རྙིང་ནི་མཐོང་དཀོན་པ་རེད། དཔེ་རྙིང་འདི་དག་གིས་བོད་ཀྱི་བོན་གཞུང་དང་། ཞང་ཞུང་རིག་གནས། ཁྱད་མཚར་ཆེ་བའི་སྐུང་ཡིག་འབྲི་ཐབས་ཀྱིས་བོད་ཀྱི་རིག་གནས་ཀྱི་རིན་ཐང་ཧ་ཅང་མཐོ་བར་བྱས་ཡོད། ས་དེ་གའི་བོན་གྱི་བཤེས་གཉེན་དང་རྒན་རྒོན་དག་གིས་བཤད་པ་ལྟར་ན་དཔེ་རྙིང་འདི་དག་ནི་མི་རབས་ནས་མི་རབས་དུ་བརྒྱུད་པའི་གསང་བའི་ཁྱིམ་རྒྱུད་ནོར་བུ་ཡིན། ཡིད་འཕངས་བ་ཞིག་ལ་རིག་གནས་གསར་རྗེ་ཆེན་པོའི་ཚ་རླབས་ཁྲོད་དུ་དཔེ་རྙིང་འབོར་ཆེན་མང་པོ་ཞིག་བརླག་ཟིན་ནའང་། ས་དེ་གའི་བོད་རིགས་མང་ཚོགས་ཀྱིས་ཉེན་ཁ་ཆེན་པོར་བརྒྱུད་ནས་དཔེ་རྙིང་དེ་དག་རི་ཁྲོད་ཀྱི་བྲག་ཕུག་དང་ཁང་བའི་གྱང་བར་སོགས་ལ་སྦས་ནས་ཉེན་ཁ་ལས་ཐར་སོང་། མིག་སྔར་ཁོ་ཚོས་སེམས་ཁུར་བྱེད་པ་ནི་དཔེ་རྙིང་འདི་དག་ལ་བདག་སྐྱོང་བྱེད་མཁན་གྱི་དམིགས་གསལ་གྱི་ཁྱིམ་རྒྱུད་ཆད་པ་དེ་རེད།000002

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།