བོན་བརྒྱ་དགོན་པའི་གསེར་གྱི་རྒྱ་ཕིབས།

01

   ༢༠༡༤ལོའི་བོད་ཟླ་བཞི་བ་ནས་བོད་ཟླ་དགུ་བའི་བར་རེབ་གོང་སྨད་པ་རྐ་བར་མའི་བོན་གཤེན་སྔགས་འཆང་ཆེན་མོ་དཔའ་རྡོར་གྱི་བུ་སྨན་པ་གཡུང་དྲུང་ཐར་ཚང་གིས་བསགས་པ་ཚོགས་སུ་བསྔོས་ཏེ་རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོའི་ཡང་སྟེང་དུ་རྒྱུ་རིན་ཆེན་གསེར་ཟངས་ལས་བྱས་པའི་རྒྱ་ཕིབས་བརྩེགས་རིམ་གསུམ་གྱི་བདག་ཉིད་ཅན་དེ་ཉིད་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་ལ་མ་འཛེམས་པར་གཏོང་ཕོད་ཀྱི་འདུན་མ་མཁའ་ལྟར་ཡངས་པའི་ངང་དམངས་སྒོར་བཞི་འབུམ་ལྔ་ཁྲི་ལྔ་སྟོང་ལྷག་གིས་སྔོན་མེད་གསར་བཞེངས་མཛད་པ་ལེགས་གྲུབ་བྱུང་བས། དུས་སྦྱོར་བཟང་པོ་དགུ་བའི་ཉེར་གཉིས་ཉིན་སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་ཆེད་དུ་ཁོང་ཕ་བུ་གཉིས་ལ་ལེགས་གསོལ་ཕུལ་བ་དང་ཆབས་ཅིག་རང་དགོན་གྱི་བླ་གྲྭ་ཡོངས་དང་བོན་གཤེན་ལྷ་སྡེ་ཡོངས་ནས་བསྟོད་པའི་མཐེ་བོང་སྒྲེང་ཞིང་ལྷ་རྫས་ཁ་བཏགས་གོས་བཏགས་སོགས་ཀྱིས་བཀའ་དྲིན་ཞུས་ཏེ་དད་ལྡན་སྦྱིན་བདག་ཆེན་མོ་འདི་རྣམས་ཚེ་རིང་ནད་མེད་བདེ་སྐྱིད་ཡོང་ཞིང་ཁ་རྗེ་དབང་ཐང་ཀླུང་རྟ་དར་བ། བསོད་ནམས་ལོངས་སྤྱོད་ཀྱི་འཕེལ་ཁ་བླ་ནས་བླ་རུ་དར་ཞིང་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུ་རུ་བསྔོ་བ་སྨོན་ལམ་དང་བཅས་པས་བཀྲ་ཤིས་སྨོན་འདུན་ཞུས་པ་དེ་བཞིན་དུ་སྨིན་པར་གྱུར་ཅིག

 02 03 04 05 06 07 08 14 10 11 12

བོན་བརྒྱ་དགོན་པའི་གསེར་གྱི་རྒྱ་ཕིབས།” སྟེང་དུ་དཔྱད་མཆན 1 ཡོད།

  1. ཧ་ལས་བའི་ཡག་པོ་བྱུང་འདུག་ཨང་། རེབ་གོང་སྨད་པ་རྐ་བར་མའི་བོན་གཤེན་སྔགས་འཆང་ཆེན་མོ་དཔའ་རྡོར་གྱི་བུ་སྨན་པ་གཡུང་དྲུང་ཐར་ཚང་གི་བཟའ་མི་གང་བོ་བདེ་སྐྱིད་དང་ལྡན་པར་གྱུར་ཅིག་གུ།

མཆན་སྤེལ་ཡུལ་ནི་ བོན་ཕྲུག ལན་དོར།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།