རེབ་གོང་བོན་བརྒྱ་དགོན་གྱི་སངས་རྒྱས་སྨན་ལྷའི་ཁྲི་མཆོད།

IMG_0125DSCF68412015ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་ལྔའི་ཉིན་སྐྱབས་རྗེ་བླ་མ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་སྨོན་ལམ་དང་ཁོང་གི་སློབ་མ་རྒྱ་ནག་པ་ཀྲང་ཏེ་ཀྲི་张德志མཆོག་གིས་རྒྱུ་དང་འབྱོར་བའི་མཐུན་རྐྱེན་སྦྱར་བ་ལ་བརྟེན་རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བླ་གྲྭ་ཡོངས་དང་རེབ་གོང་སྟོད་སྨད་ཀུན་གྱི་དད་ལྡན་མང་ཚོགས་ལྔ་བརྒྱ་ལྷག་ཙམ་གྱིས་བདག་ཅག་སྐྱེ་འགྲོ་ཀུན་གྱི་སྤྱི་བོའི་རྒྱན་དུ་གྱུར་བ་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་དཔལ་ལྡན་རྩ་བའི་བླ་མ་མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེའི་ཞབས་བརྟན་དུ་སྨན་ལྷའི་ཁྲི་མཆོད་ཀྱི་ཆོ་ག་རྒྱ་ཆེར་སྤེལ་བ་
001ཡང་རྟེན་འབྲེལ་ཙམ་དང་མཚོན་བྱེད་ཙམ་མ་ཡིན་པར་ཚེ་མདའ་ཚེ་བུམ་དང་། ཚེ་གཏོར་ཚེ་ཆང་། བཞུགས་གདན་ཇ་གོས་སོགས་ཀྱིས་ཐོགས་དྲངས་ཏེ་མར་མེ་ཚན་ཆབ་དང་ཕྱག་འཚལ་བསྐོར་བ། མེ་ཏོག་བདུག་སྤོས། སྨན་ལྷའི་བཟླས་བརྗོད། ཟན་གྱི་གཏོར་མ་སོགས་རེ་རེ་ནས་གྲངས་ཚད་ཁྲི་ལས་བརྒལ་བའི་དགེ་བ་ཚོགས་བསགས་ཀྱི་མཆོད་པ་རྒྱ་ཆེར་ཕུལ་བ་མ་ཟད། རིན་པོ་ཆེ་ཚང་ལ་དམངས་སྒོར་ལྔ་སྟོང་དང་བླ་སྤྲུལ་རྣམས་ལ་དམངས་སྒོར་བདུན་བརྒྱ་རེ་དང་གོས་བཏགས་རེ། དགེ་འདུན་པ་རེ་ལ་དམངས་ལྔ་བརྒྱ་རེས་འགྱེད་གཏོང་དང་། གཞན་ཡང་འབྲས་ཐུག་མངས་ཇ་དང་སིལ་ཏོག་སྐོམ་ཆུའི་རིགས་ཀྱིས་དད་ལྡན་ཡོངས་ཀྱི་ཡིད་ཚིམས་པར་བྱས་ཏེ་རྩ་བའི་བླ་མ་རིན་པོ་ཆེ་གཙོ་མཛད་པའི་བསྟན་འཛིན་སྐྱེས་བུ་ཡོངས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་པའི་འཕྲིན་ལས་སྲིད་མཐར་ཁྱབ་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་འདིའི་དོན་ཡོངས་སུ་སྨིན་པར་གྱུར་ཅིག །003 002 IMG_0163IMG_0165

IMG_0158 IMG_0169 IMG_0164 IMG_0171 IMG_0107IMG_0170IMG_0150  IMG_0149 IMG_0089 IMG_0155 IMG_0162 IMG_0174 IMG_0172 IMG_0173 IMG_0166

ཞེས་རེབ་གོང་བོན་མང་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་ནས།

རེབ་གོང་བོན་བརྒྱ་དགོན་གྱི་སངས་རྒྱས་སྨན་ལྷའི་ཁྲི་མཆོད།” སྟེང་དུ་དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།