རྗེ་རིན་པོ་ཆེའི་འཁྲུངས་ཡུལ་དང་འབྲེལ་བའི་གནས་ཚུལ་མདོར་བསྡུས།

རྗེ་རིན་པོ་ཆེའི་འཁྲུངས་ཡུལ་དང་འབྲེལ་བའི་གནས་ཚུལ་མདོར་བསྡུས།

     〈〈གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས〉〉རྔ་བ་སྣང་ཞིག་དགོན་ཆེན་དུ་ཚོགས་སྐབས་སྨན་རིའི་དགེ་བཤེས་རྣམ་པའི་ཐུགས་གྲོས་མཛད་དེ〈〈གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས〉〉བདེ་ལེགས་ངང་ཚོགས་ཐུབ་པ་བྱུང་བའི་རྗེས་ལ་རྗེ་མཉམ་མེད་བླ་མའི་འཁྲུངས་གནས་སུ་མཉམ་མེད་བླ་མར་ཚོགས་མཆོད་ཟབ་རྒྱས་ཞིག་ཕུལ་རྒྱུས་གྲོས་ཐག་བཅད་པ་ལྟར་ཚོགས་འདུ་གྲོལ་བའི་ཉིན་གཉིས་པ་སྟེ། བོད་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། ཁྱུང་དཀར་དགེ་བཤེས་ཟླ་བ་བསྟན་འཛིན། མང་རི་དགེ་བཤེས་བསོད་ནམས་འགྱུར་མེད། སྒོ་དགེ་བཤེས་ཤེས་རབ་གྲགས་པ། དབྲ་ཁྱུང་དགེ་བཤེས་བསྐལ་བཟང་ནོར་བུ། གཙང་ཚ་དགེ་བཤེས་གཡུང་དྲུང་གཙུག་ཕུད། ནོར་རྩེའི་དགེ་བཤེས་ཤེས་རབ་རྒྱ་མཚོ། ལུང་དཀར་དགེ་བཤེས་བློ་གྲོས་བསྟན་པ། སྣང་ཞིག་དགེ་བཤེས་གཡུང་དྲུང་བསམ་གཏན། སྟེང་ཆེན་དགེ་བཤེས་འོད་ཟེར་སྦྱིན་པ། སྣང་ཞིག་དགེ་བཤེས་གཡུང་དྲུང་བློ་གསལ། སྣང་མཐའ་བསྟན་འཛིན་ཉི་མ། མང་རི་བསྟན་འཛིན་ཉི་མ་བཅས་རྔ་བ་ཁུལ་ཆུ་ཆེན་རྫོང་དུ་དགོང་མོ་ཆུ་ཚོད་༦གི་སྟེང་དུ་བདེ་ལེགས་ངང་འབྱོར། སྐབས་དེར་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་རིན་པོ་ཆེས་སྣེ་བསུ་ཟབ་རྒྱས་ཐོག་གསོལ་མགྲོན་ཁང་དུ་ཕེབས་སྐབས། ཁོང་གིས་གསུང་དོན་ཉིན་དང་པོ་རྗེ་རིན་པོ་ཆེའི་གདན་ས་རུ་ཚོགས་འབུལ་རྒྱུ་དང་དགོང་མོ་གཡུང་དྲུང་ལྷ་སྟེང་དུ་ཕེབས་རྒྱུ། ཉིན་གཉིས་པ་ལ་མཚོ་སྟེང་དགོན་དུ་ཕེབས་རྒྱུ་བཅས་བཀོད་བསྒྲིགས་མཛད། ཕྱིའི་ཉིན་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་རིན་པོ་ཆེས་དབུ་ཁྲིད་འོག་གོང་སྨོས་ལྷན་རྒྱས་རྗེ་མཉམ་མེད་བླ་མའི་འཁྲུངས་གནས་ཆུ་ཆེན་རྫོང་གི་མངའ་ཁུངས་མལ་ལེ་ཤང་གི་ཉེ་འདབས་སུ་སྟེགས་ཅོག་ཞེས་པའི་ས་ཆ་རུ་ཞབས་སོར་འགོད་སྐབས། མ་བསྒྲིགས་རང་གྲུབ་ཀྱི་རྟགས་དང་རྟེན་འབྲེལ་མང་པོ་བྱུང་བ་ནི། གཅིག་ཏུ་བོད་ཟླ་བཅུ་གཅིག་པའི་ཚེས་ལྔ་རུ་ཁེལ་ཡོད་པ། གཉིས་སུ་གཟའ་སྐར་གྱི་ལེགས་འཛོམ་བྱུང་བ། སུམ་སྟེགས་ཅོག་དུ་ཐོན་པ་དང་ལྷན་ཅིག་ཉི་མའི་དཀྱིལ་འཁོར་རི་རྩེར་ཤར་བ་སོགས་ཀྱི་ངོ་མཚར་བའི་རྟེན་འབྲེལ་བྱུང༌། སྐབས་དེར་ལི་ཤུ་སྤྲུལ་བའི་སྐུ་གཤེན་རྒྱལ་བསྟན་འཛིན་རིན་པོ་ཆེའི་སྟེགས་ཅོག་གི་རྒྱབ་རི་ནོར་བུ་སྤུངས་འདྲའི་སྟེང་ནས་མཉམ་མེད་བླ་མའི་ཚོགས་ཕུལ་ན་ཁམས་གསུམ་དབང་དུ་བསྡུད་པའི་རྟེན་འབྲེལ་ལགས་གསུང་པས་ཁོང་གི་ཐུགས་དགོངས་བཞིན་ཆུ་ཚོད་༡༡,༣༠ཐོག་ནས་ཆུ་ཚོད་༣ བར་དུ་རྗེ་རིན་པོ་ཆེར་ཚོགས་མཆོད་ཟབ་རྒྱས་ཞིག་ཕུལ། ཆུ་ཚོད་༣ པའི་ཐོག་གོང་ཚིགས་བཞེས་རྗེས་སྟེགས་ཅོག་དཀྱིལ་གཞུང་གི་དགོན་ཤུལ་ལ་མཇལ་ཞིང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས། ཆུ་ཚོད་༥ཡས་མས་སུ་གཡུང་དྲུང་ལྷ་སྟེང་དུ་ཞབས་སོར་ཁོད་སྐབས། རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་གྲྭ་བཙུན་ཨ་ཁུ་པདྨས་བསྟན་པའི་ལས་དོན་རླབས་ཆེན་མཛད་པའི་བྱ་བ་གང་མང་ལ་གཟིགས་རྟོག་མཛད་དེ་དམ་པ་ཁོང་ལ་རྗེས་སུ་ཡི་རིང་གིས་སྔགས་བརྗོད་ཕུལ། ཚེས་༦ཉིན་སྔ་དྲོ་ཚུ་ཚོད་༨ཐོག་ཞོག་ཇ་གསོལ་རྗེས་ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་རིན་པོ་ཆེས་བཀོད་བསྒྲིགས་འོག་མཚོ་སྟེང་དགོན་དུ་ཕེབས་སྟེ་ཁོང་གིས་སྔར་བཞེངས་ཟིན་དང་ད་ལྟའི་གནས་བབ་མ་འོངས་པའི་དམིགས་ཡུལ་བཅས་ངོ་སྤྲོད་དང་འབྲེལ་ཏེ་ཚང་མ་རྒྱང་སྐོར་དུ་ཕེབས་ནས་གཟིགས་རྟོག་མཛད་རྗེས་ཐུགས་དགྱེས་པའི་ངང་གོང་ཚིགས་གསོལ་བ་དང་ཁྱབ་ཅིག་ཏུ་བསྟན་རྒྱས་སྨོན་ལམ་གྱིས་མཇུག་བསྡུས། དགོང་མོ་ཆུ་ཚོད་༨ཐོག་མགྲོན་ཁང་གི་ཐོག་ཁང་དྲུག་པའི་ནང་དུ་བག་ཡངས་ཇ་གསོལ་ཁང་ཞིག་ཡོད་པ་དེའི་ནང་དུ་ཟབ་རྒྱས་ངང་ཚོགས་ཤིང་དགའ་བ་འབུམ་གྱིས་མདུན་བསུའི་སྟེ〈〈གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས〉〉བདེ་ལེགས་ངང་ཚོགས་ཐུབ་པ་བྱུང་བ་དང་མཇུག་འབྲས་མི་དམན་པའི་སྐོར་དང༌། ༧རྗེ་མཉམ་མེད་ཆེན་པོའི་འཁྲུངས་ཡུལ་དུ་མཇལ་ཐུབ་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་མང་པོ་མཛད།

1 2

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།