རེབ་གོང་ཡུལ་གྱི་བོན་གཤེན་དགེ་བསྙེན་མ་བཅུ་ལྷག་གིས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱ་ཆེར་བསྐོར།

2015ལོའི་བོད་ཟླ་བདུན་པའི་ཚེས་བཅུ་ཉིན་མདོ་སྨད་རེབ་གོང་ཡུལ་གྱི་བོན་གཤེན་དགེ་བསྙེན་མ་བཅུ་ལྷག་གིས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱ་ཆེར་བསྐོར། དེ་ཡང་ཉིས་སྟོང་བཅོ་ལྔ་ལོའི་ལོ་གསར་ཚེས་གཅིག་ཉིན་སྐྱབས་རྗེ་བླ་མ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེས་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་འདི་ཉིད་མི་ཉམས་ཡུན་རིང་དུ་དར་ཞིང་རྒྱས་པ་དང་ལྷག་དོན་དགེ་བསྙེན་མའི་འདུས་སྡེ་བཙུགས་ཏེ་བུད་མེད་རྣམས་དགེ་ལ་བསྐུལ་ཞིང་སྒྲུབ་སྦྱོང་ཉམས་ལེན་ལ་རིགས་རུས་དང་ཕོ་མོའི་དབྱེ་བ་མེད་པར་ཀུན་གྱིས་ཆོ་ག་ཕྱག་ལེན་གང་ཡང་ཉམས་སུ་བླངས་ཆོག་པའི་བཀའ་སློབ་དང་བཅས་ཁོ་བོར་དམིགས་ཀྱིས་ཚེ་དབང་བོད་ཡུལ་མའི་གཞུང་ཆ་ལག་དང་བཅས་པ་དབུ་ཅན་གྱིས་སྟབས་བདེ་ལ་ཡིག་གཟུགས་ཅུང་ཆེ་ཙམ་གྱིས་འདོན་དཔེ་སྣ་ཐུང་ཅན་ཞིག་བསྒྲིག་དགོས་ངེས་ཀྱི་བཀའ་བསྩལ་གནང་བར་བརྟེན། རང་གིས་ཀྱང་འདི་དོན་ཤིན་ཏུ་ལེགས་ཤིང་དགེ་སྒྲུབ་ཚོགས་བསགས་ཀྱི་གོ་སྐབས་ཡག་ཤོས་ཤིག་ལ་བསམ་ནས་ཡིག་གཏག་དཔེ་བསྒྲིགས་ཀྱི་ལས་ཀ་དོན་དུ་གཉེར་བ་མ་ཟད། མཆེད་གྲོགས་དམ་པ་ཁྱུང་བཟང་ངེད་གཉིས་ནས་དཔར་བསྐྲུན་བགྱིས་ཏེ་དགེ་བསྙེན་མ་ཉེར་ལྔ་ལྷག་ལ་རིན་མེད་དཔེ་སྦྱིན་གྱིས་དགེ་བསྐུལ་ཙམ་བགྱིས་པ་དང་། རེབ་གོང་བོན་མང་གི་བྱིངས་འདྲེན་ཆེན་མོ་རིན་ཆེན་མཁར་ལགས་ནས་འདོན་དབྱངས་རྟ་སྒྲ་ཕབ་གནང་སྟེ་སྔོན་སྦྱོང་ལ་རམ་འདེགས་གནང་།

ཁྱད་པར་དྲིན་ཆེན་རྩ་བའི་བླ་མ་སྐྱང་སྤྲུལ་རིན་པོ་ཆེས་བཀས་བསྐུལ་ངོར་རེབ་གོང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཀྲུའུ་རེན་རྒན་པ་བསྟན་པ་དར་རྒྱས་མཆོག་གིས་སྐུ་ཚེགས་དཀའ་ལས་ལ་མ་འཛེམས་པར་ཉིན་བཞི་ལྔ་ཙམ་གྱི་རིང་ལ་དངོས་སུ་འདོན་དབྱངས་རྟ་དང་བཅའ་ག་ཕྱག་ལེན་སྐོར་ནན་ནན་བཅག་བཅག་གིས་འཁྲིད་པར་བརྟེན་བདུན་པའི་ཚེས་བཅུ་སྟེ་བླ་མ་ཚེ་དབང་རིག་འཛིན་གྱི་འཁྲུངས་མཆོད་ཉིན་མོ་འདིར་རྟགས་དང་རྟེན་འབྲེལ་ལ་དམིགས་ཏེ་བླ་མ་རིན་པོ་ཆེ་ཁོང་རིག་དངོས་སུ་ཚོགས་དབུར་ཕེབས་གནང་མཛད་པ་མ་ཟད་དགེ་བསྐུལ་གྱི་བཀའ་སློབ་མང་དུ་བསྩལ་ཅིང་། དེ་དང་འབྲེལ་རྒྱ་ནག་གི་སློབ་མ་འཇིགས་མེད་རྣམ་རྒྱལ་དང་དཔལ་མོ་རྣམ་གཉིས་ཀྱིས་ཀྱང་ཉམས་མྱོང་བརྗེ་རེས་ཀྱི་ཞལ་ཏ་དང་བཅས་དམངས་སྒོར་ཆིག་སྟོང་ཙམ་གྱིས་འབྲེལ་ཐོག་མཛད། རང་དགོན་གྱི་གྲྭ་བཙུན་བསྟན་པ་དར་རྒྱས་མཆོག་གིས་ཀྱང་དགེ་བསྐུལ་གྱི་བཀའ་སློབ་གནད་དུ་ཐིངས་པ་རེ་གནང་སྟེ་གྲྭ་བཙུན་ཤེས་རབ་དར་རྒྱས་དང་ཁོང་རྣམ་གཉིས་ཀྱིས་སྣེ་སྟོན་མཛད་དེ་དགེ་བསྙེན་མ་བཅུ་གྲངས་ཙམ་གྱིས་ཐོག་དང་པོའི་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རྒྱ་ཆེར་བསྐོར་བ་ལ་བླ་མ་རིན་པོ་ཆེ་དང་དགེ་བསྙེན་མ་ལྕགས་མོ་ཚེ་རིང་རྣམ་གཉིས་ཀྱིས་ཀྱང་འགྱེད་ཕོགས་མངས་ཇ་དང་བཅས་པའི་མཐུན་རྐྱེན་གནང་སྟེ་དགའ་སྤྲོ་རྟེན་འབྲེལ་དང་བཅས་མཇུག་ཡོངས་སུ་གྲུབ་པའོ།། ཞེས་ཁྱུང་དཀར་ཟླ་བས་སྤེལ་བའོ།།

IMG20150823085631_recompress

བླ་མ་སྐྱང་སྤྲུལ་རིན་པོ་ཆེས་བཀའ་སློབ་གནང་བཞིན་པ།
བླ་མ་སྐྱང་སྤྲུལ་རིན་པོ་ཆེས་བཀའ་སློབ་གནང་བཞིན་པ།
ཧྲིན་དབྱང་ནས་ཕེབས་པའི་སྐྱང་སྤྲུལ་ཚང་གི་སློབ་མ་འཇིགས་མེད་རྣམ་རྒྱལ་མཆོག་གིས་ཞལ་ཏ་གནང་བཞིན་པ།
ཧྲིན་དབྱང་ནས་ཕེབས་པའི་སྐྱང་སྤྲུལ་ཚང་གི་སློབ་མ་འཇིགས་མེད་རྣམ་རྒྱལ་མཆོག་གིས་ཞལ་ཏ་གནང་བཞིན་པ།
ཧྲིན་དབྱང་ནས་ཕེབས་པའི་སྐྱང་སྤྲུལ་ཚང་གི་སློབ་མ་དཔལ་མོ་མཚོ་མཆོག་གིས་ཞལ་ཏ་གནང་བཞིན་པ།
ཧྲིན་དབྱང་ནས་ཕེབས་པའི་སྐྱང་སྤྲུལ་ཚང་གི་སློབ་མ་དཔལ་མོ་མཚོ་མཆོག་གིས་ཞལ་ཏ་གནང་བཞིན་པ།
ཀྲུའུ་རེན་རྒན་པ་བསྟན་པ་དར་རྒྱས་མཆོག་གིས་བཀའ་སློབ་གནང་བཞིན་པ།
ཀྲུའུ་རེན་རྒན་པ་བསྟན་པ་དར་རྒྱས་མཆོག་གིས་བཀའ་སློབ་གནང་བཞིན་པ།

IMG20150823095830_recompress IMG20150823095956_recompress IMG20150823095834_recompress

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།