བོན་བརྒྱ་རིན་པོ་ཆེ་མཆོག་གི་ཞབས་བརྟན་ལ་ཚེ་ཐར་སྲོག་བླུ་བཏང་བ།

IMG_0898

དགེ་ལེགས་ཡེ་ཤེས་ཚོགས་རྣམས་རབ་རྫོགས་སྤྲོས་བྲལ་བོན་སྐུའི་མཁའ་དབྱིངས་ལས། །

ལྷུན་གྲུབ་ངེས་པ་ལྔ་ལྡན་རྫོགས་སྐུ་ཟླ་བའི་དཀྱིལ་འཁོར་ལྷང་ངེར་གསལ། །

མ་ངེས་རབ་འབྱམས་རྒྱ་མཚོའི་ཞིང་དུ་གང་ལ་གང་མོས་སྐུར་སྟོན་པ། །

འདྲེན་པ་མཚུངས་མེད་སྐུ་གསུམ་བདག་ཉིད་བླ་མའི་ཞབས་ལ་འདུད་དོ་སྐྱོངས། །

00369

རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཞིང་གི་སྐྱེ་རྒུ་ཡོངས་དང་། ཁྱད་པར་འཛམ་གླིང་བྱེ་བ་ཕྲག་བརྒྱ། ཡང་སྒོས་སུ་མདོ་སྨད་ཡུལ་གྱི་གདུལ་བྱའི་བསོད་ནམས་ཀྱིས་མེ་ཏོག་ཕོག་པའི་ལྷ་སྐལ་དུ་གྱུར་པ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་དམ་པ། ཡངས་པའི་རྒྱལ་ཁམས་ཀུན་ལ་ཕན་བདེའི་རྩ་བ། ལེགས་ཚོགས་ཀྱི་འབྱུང་གཞི། སྙིགས་དུས་ཀྱི་བཤད་སྒྲུབ་སྲོལ་འཛིན་ཆེན་པོ། སྔ་འགྱུར་ཟླ་ཞུན་ཅོད་པན་འཆང་བའི་བསྟན་པའི་སྲོག་ཤིང་དུ་གྱུར་པ། མཁས་གྲུབ་གཉིས་ལྡན་གྱི་སྙན་གྲགས་ཨུན་ཆེན་དུང་གི་སྒྲ་དབྱངས་ས་གསུམ་ཀུན་ཏུ་ཁྱབ་ཅིང་། ཁྱད་པར་དུ་རབ་འབྱམས་རྒྱ་མཚོའི་ཞིང་ལ་སྨིན་གྲོལ་བཀའ་བབས་ཀྱི་ཆུ་བོ་ཆེ་བཞིའི་འཁོར་ལོ་རྒྱ་ཆེན་བསྐོར་བས་འགྲོ་བ་མཐའ་དག་ཐར་བ་དང་ཐམས་ཅད་མཁྱེན་པའི་ས་ལ་བཀོད་པའི་རིགས་བརྒྱའི་ཁྱབ་བདག་ཆེན་པོ། དཔལ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་མཛད་པ་མཐའ་ཡས་པས་སྐུ་དྲིན་གཞལ་མཐའ་བྲལ་བས་ན།00654སྤྱི་ལོ་༢༠༡༥ལོའི་བོད་ཟླ་བདུན་པའི་ཚེས་དགུ་ཉིན་ང་ཚོ་བོན་བརྒྱ་དགོན་དམངས་གཙོ་ཨུ་ཡོན་ལྷན་ཁང་གི་མི་སྣ་དང་དགོན་པའི་ལས་སྣེ།  རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ལས་སྣེ་འགའ་ཞོགས་པར་ཆུ་ཚོད་ལྔ་ཡི་སྟེང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་ལམ་ལ་ཆས་ནས་སྤྱི་ལེ་ཉིས་བརྒྱའི་མཚམས་སུ་ཡོད་པའི་མཚོ་ལྷོ་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་བརྡལ་གྱི་ཤན་ཁང་ལ་སོང་ནས་ལུག་བརྒྱ་དང་བཅུ་གསུམ་སྲོག་བླུ་བྱས་ཏེ། བདག་ཅག་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གྱུར་བའི་བཀའ་དྲིན་བཞི་རྫོགས་ཀྱི་བླ་མ་རིན་པོ་ཆེ། མཁས་དང་གྲུབ་པའི་དབང་པོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་སྐུ་ཚེ་བསྐལ་བའི་མཐའ་རུ་གནས་པས་སྐུའི་ཞབས་བརྟན་དང་།00987ཚེས་བཅུ་ཉིན་ཚེ་ཡི་རིག་འཛིན་ཆེན་པོ་བླ་མ་ཚེ་དབང་རིག་འཛིན་སྐུ་བལྟམས་པའི་དུས་ཆེན་ཁྱད་པར་ཅན་ལ་དམིགས་ནས། ཉི་ཤར་གྱི་རྩེ་མོ་ལ་ལྷ་བསང་སྔོན་དུ་བཏང་ནས་ལུག་རེ་རེ་ལ་ཚེ་མདུད་སྲུང་རྟགས་འདོག་པ། ཚེ་མདོ་དང་ཚེ་སྒྲུབ་སོགས་གསུང་སྒྲོག་ནས་ཚེ་ཐར་ལ་བཏང་བ་དང་།00789བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་གྲྭ་ཚང་འདུས་སྤྱི་ནས་ཡང་། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།  རང་ཅག་གི་རྩ་བའི་བླ་མ་རིན་པོ་ཆེ་གཙོ་བྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་དད་ལྡན་ཡོངས་ཀྱི་སྐུ་ཚེ་ལ་བགེགས་དང་བར་ཆད་ཞི་ཞིང་ཅི་བསམ་ལྷུན་འགྲུབ་ཡོང་པ་དང་། ཡངས་པའི་ཡུལ་ཁམས་ཀུན་ཏུ་འབྱུང་བཞིའི་འཇིགས་པ་བྲལ་ཞིང་ནད་མུག་འཁྲུག་རྩོད་ཞི་ནས་ཞི་བདེའི་དཔལ་ལ་ལོངས་སྤྱོད་ཐུབ་པའི་ཆེད་དུ་དགོན་པའི་ཚོགས་ཆེན་འདུ་ཁང་བླ་མ་གྲྭ་ཚང་དང་མཆོག་གསུམ་མཆོད་པའི་ལྷ་ཁང་དུ་ལོ་གསུམ་སྒྲུབ་གྲྭ་བ་རྣམས་ཀྱིས་བླ་མ་ཚེ་དབང་རིག་འཛིན་གྱི་ཆོ་གའི་གཞུང་ཚོགས་ཀྱི་མཆོད་པ་རྒྱས་འབུལ་བྱས།

00321 མཐར་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་ནས་བོན་བརྒྱ་དགོན་པའི་ལས་སྣེ་དང་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ལས་སྣེ་རྣམས་ཕྱིར་རང་ཡུལ་ལ་ལོག་པའི་ཡུལ་དངོས་གནས་བསྡུས་ཙམ་མཚམས་སྦྱར་བ་པོ་རླངས་ཚང་ནམ་མཁའ་དང་རེབ་སྐྱིད་ཡར་འཕེལ་ནས།00456

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།