ཞྭ་དཀར་གཡུང་དྲུང་བོན་གྱི་ལྷ་མི་སྡེ་ཡོངས་ཀྱི་དྲུང་དུ།

༧ཞྭ་དཀར་གཡུང་དྲུང་བོན་གྱི་ལྷ་མི་སྡེ་ཡོངས་ཀྱི་དྲུང་དུ།

                                                                               སྙན་སྒྲོན་རིན་པོ་ཆེ་ཞུ་གསོལ་འདེབས་སྙིང་ནི།

img291ད་ལམ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་སྐུ་ཁམས་ཅུང་བདེ་མིན་ལ་བརྟེན་འཕྲལ་དུ་སྨན་ཁང་ལ་ཕེབས་ནས་བརྟག་དཔྱད་བྱས་པས།  སྐུ་གཟུགས་ཅུང་ཉམས་ཞན་གྱུར་བ་ལས་གཞན་ནད་གཞི་གཏིང་ཟབ་སོགས་མེད་ནའང་།  སྐུ་ངལ་གསོ་རྒྱུ་གལ་ཆེན་ཡིན་པ་ལམ་སྟོན་བྱུང་བ་སོང་།  ད་ཆར་ཉིན་རེ་བཞིན་སྐུ་ཁམས་གསལ་དྭངས་བྱུང་དང་འབྱུང་བཞིན་ཡོད་པ་དང་། འོན་ཀྱང་སྐུའི་ཕྱྭ་ཞབས་རིམ་བསྒྲུབ་རྒྱུ་ནི་སློབ་འབངས་ཡོངས་ཀྱི་ལས་འགན་ཡིན་པ་ལ་སོང་།    ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བཀའ་ཇི་ལྟར་ཕེབས་པ་བཞིན།  སྐུ་ཕྱྭའི་ཞབས་རིམ་དུ། ཚེ་སྒྲུབ་དང་།  བྱམས་མའི་ཚེ་ཆོག  མཚོ་སྨན་གུར་མདོས།  གཟུངས་འདུས་གྲངས་མང་།  ཚེ་ཐར།   སྲོག་བསླུ།   སྲིད་རྒྱལ་ཚོགས་བསྐང་རྒྱ་ཆེ།  ཕུར་པའི་སྒྲུབ་པ་དང་ ཚོགས་དང་སྲུང་བཟློག་བཅས་གང་མགྱོགས་སྒྲུབ་དགོས་བཀའ་ཕེབས་བཞིན།       དེ་དོན་འདི་གའི་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་དཔལ་ལྡན་སྨན་རི་ནས།   གསལ་བསྒྲགས་དང་འབོད་སྐུལ་ཞུ་རྒྱུར་གཞིས་བྱེས་བོན་འབངས་ཡོངས་ནས་གོང་འཁོད་ཞབས་རིམ་ཆ་ཚང་དང་དེའི་ཐོག་ཕུར་པའི་ཚོགས་འབུམ་དང་སྲིད་རྒྱལ་འབུམ་ཚོགས་དགོན་སྡེ་དང་བོན་ཚོགས་བླ་བྲང་སོགས་ཚོགས་སྡེ་ཁག་དང་མི་སྒེར་སོགས་གང་ན་སུ་བཞུགས་པ་རྣམས་ཀྱིས་གང་འབྱོར་འབུལ་ཐབས་དང་དམིགས་གསལ་ཕུར་པའི་ཚོགས་མཆོད་དང་སྲིད་རྒྱལ་ཚོགས་མཆོད་ཕུལ་བའི་གྲངས་བསོགས་སྒྲུབ་ཐོ་འདི་ག་༧དཔལ་ལྡན་སྨན་རི་གླིང་དུ་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཡིག་ཚང་དུ་གཤམ་གསལ་གློག་འཕྲིན་ཁ་བྱང་རྒྱུད་བསྐུར་ཐབས་དང་གཞན་རྒྱུད་ལམ་གཞན་པའི་ཐོག་ནས་ཕུལ་ནའང་ཆོག   གང་ལྟར་ལོ་འདིའི་ནང་འབད་སྒྲུབ་གནང་ཐུབ་པ་གནང་རོགས་ཞེས་ལག་གཉིས་ཐལ་མོ་སྦྱར་ཏེ་སྐྱབས་འཇུག་ཞུ་བཞིན་ཡོད་པས་དེ་དོན་དགོངས་དབྱིངས་ནས་མི་འདོར་བར་ཞུ་ཞུ།   

E-mail;       ybmc2@rdiffmail.com     Ph91-01799-253003/4 fax91-01799-253005

༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས།

 

དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས།                                            ༢༠༡༥ལོ་ ༨ ཟླ་ ༣༡ཚེས་ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།