དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་བཅོ་ལྔ་པའི་དགེ་བཤེས་མཛད་སྒོ་ཆེན་མོ།

དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་བཅོ་ལྔ་པའི་དགེ་བཤེས་མཛད་སྒོ་ཆེན་མོ།
ཁྲི་གཡུང་དྲུང་།

 གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་སངས་རྒྱས་རྒྱལ་བ་སྨན་རི་བའི་ཕྱག་སྲོལ་བཞིན་འདི་ལོའི་ཧོར་ཟླ་དང་པོའི་ཚེས་གསུམ་གྱི་སྔ་དྲོ་ནས་སྐབས་བཅོ་ལྔ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ་དབུ་འཛུགས་གནང་སྟེ། ༸སྐྱབས་རྗེ་༸རྒྱལ་བ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དབུས་བཞུགས་ཐོག་༸སྐྱབས་རྗེ་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་སྔོན་འགྲོའི་ཚིག་བཤད་གདངས་སུ་གྱེར་བཞིན་དངོས་སུ་དབུ་འཛུགས་གནང་བ་དང་འབྲེལ། སྨན་རིའི་གླིང་གི་བཀའ་རམས་པ་བསླབ་པ་མཐར་སོན་རྣམས་པས་རིམ་བཞིན་སྔོན་འགྲོའི་གཞུང་བཤད་གྱེར་རྒྱུགས་དང་། དངོས་གཞིའི་དམ་བཅའི་ངག་རྒྱུགས་དང་རྩོད་རྒྱུགས་ཆེན་མོ་སོགས་ཉིན་བཅུའི་རིང་ལ་གནང་མཐར་འདི་ལོའི་བོད་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་བཀྲ་ཤིས་དམ་བཅའ་ཆེན་མོ་དང་མཆོད་ཚིག་སོགས་གྲུབ་རྗེས་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ཤིང་དཔོན་གསས་བླ་མ་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བསླབ་པ་མཐར་སོན་རབ་འབྱམས་དགེ་བའི་བཤེས་གཉེན་གྲངས་བཅུ་གཅིག་ཡོད་པ་རྣམས་ལ་ཕྱག་འཁྱེར་དང་བྱིན་མདུད་ལེགས་སྐྱེས་རྣམས་བཀའ་དྲིན་བསྩལ་གནང་གྲུབ་མཚམས་མཆོག་གསུམ་དགྱེས་པའི་གཏང་རག་བཀྲ་ཤིས་ཚིག་བཀྲའི་རིམ་པ་དང༌། སྐལ་བཟང་ལེགས་འབུལ་གྱི་མཛད་སྒོ་སོགས་ཀྱིས་མཇུག་ཡོངས་སུ་རྫོགས་པར་བྱ་བའི་གནས་ཚུལ་མདོར་བསྡུས་ཙམ་མོ། ༼པར་རིས

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།