ངོ་མོའི་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོ་གླིང་གི་གསས་ཁང་སྐྱར་བཞེངས་ལེགས་འགྲུབ་བྱུང་བ།

20150929182325

རྩོམ་པ་པོ།  གཡུ་བྱ་ཁུ་བྱུག 

སྤངས་པ་ཉོན་མོངས་དུག་ལྔ་རང་གྲོལ་སྤངས།།

རྟོགས་པ་ཡེ་ཤེས་ལྔ་ལྡན་སྐུ་ལྔར་རྟོགས།།

གཤེན་བསྟན་རྒྱ་མཚོ་རྒྱས་མཛད་སྒྲུབ་པའི་གཤེན།།

རྒྱལ་བ་དགྱེས་པའི་རིག་འཛིན་རིམ་བྱོན་རྒྱལ།།

20150930105406དེང་སང་གི་ཞིབ་འཇུག་པ་འགའ་རེས་ཨརྱནའི་མི་རྒྱུད་དུ་གྲགས་པ་འདི་བོད་ཀྱི་ཁྱུང་དཀར་གྱི་རུས་རྒྱུད་ཡིན་ཞེས་དང་། དེ་ཡང་དམ་པ་ཁྱུང་གི་རུས་རྒྱུད་ལས་ཁྱུང་དཀར་གྱི་རུས་རྒྱུད་ངོ་མ་ཡིན་པས་སྡེ་བའི་མཚན་ལ་ངོ་མོ་ཞེས་ཐོགས་པ་འདི་ཡང་མིང་དང་དོན་གྱིས་གྲུབ་ལ། བོན་བསྟན་ལ་སོག་དམག་གིས་འཚེ་བ་བཏང་ནས་མདོ་སྨད་ཁྲི་ཀ་དང་ནང་སྒོས་སུ་རེབ་གོང་གི་ས་ཕྱོགས་སུ་ཡོད་པའི་ངོ་མོའི་དཀོན་མོ་ཉིན་དགོན་པ་ཤུལ་མེད་དུ་བཏང་ནས་ད་བར་ཏུ་མི་ལོ་བརྒྱད་བརྒྱ་ལྷག་འགོར་བར་རྗེས་དྲན་དང་དེ་སྔ་བཤིག་རལ་དུ་གྱུར་བའི་གསས་ཁང་རྙིང་བར་སྐྱར་བཞེངས་ཆེད་ངོ་མོ་སྡེ་བའི་ཁ་རྒན་གཞོན་བར་གསུམ་ནས་གསས་ཁང་འདི་ལ་ལོ་ངོ་གསུམ་ཙམ་གྱི་རིང་ལ་ངལ་20150929182339བ་བརྒྱ་ཕྲག་གདོང་གིས་བསུས་ནས་མཚན་མོའི་གཉིད་བཅགས། ཉིན་མོའི་ཟས་བཅགས་ནས་ད་ལྟ་དངོས་སུ་ལེགས་འགྲུབ་བྱུང་བའི་དགའ་སྟོན་དུ་རྒྱལ་བ་གཉིས་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་སྐུ་དངོས་སུ་བྱོན་ནས་གྲྭ་ཚང་དང་ལྷན་དུ་བསྟན་རྒྱས་སྨོན་ལམ་གྱི་འདོན་དབྱངས་རྟ་སྙན་མོའི་ཁྲོད་ནས་བསྟན་པའི་སྒོ་ཆེན་དལ་གྱིས་ཕྱེས་སོང་།

20150929182314ཉི་ཤར་གྱི་རྩེ་མོ།  རྟེན་འབྲེལ་གྱི་འགོ་མ་འདི་ལ་ངོ་མོ་ཡེ་ཤེས་མཚོ་བརྒྱད་ཀྱི་གདན་ས་འདི་ནས་གླུ་གར་གྱི་མཆོད་པས་གནམ་ས་འགེངས་བར་བྱས་པ་འདིས་གནས་འདི་ལ་བཀྲ་ཤིས་པའི་རྟགས་མཚན་འབྱུང་བའི་སྔ་ལྟས་དང་བསྟན་པའི་རྒྱལ་མཚན་མི་ནུབ་པའི་རྒྱུར་གྱུར་ཅིག་གུ00

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།