ཀུན་བཟང་རྒྱལ་བ་རྒྱ་མཚོ་ཕྱག་སྟོང་སྤྱན་སྟོང་བའི་བཞེངས་སྐུ་ལེགས་གྲུབ་བྱུང་བ།

ཀུན་བཟང་རྒྱལ་བ་རྒྱ་མཚོ་ཕྱག་སྟོང་སྤྱན་སྟོང་བའི་བཞེངས་སྐུ་ལེགས་གྲུབ་བྱུང་བ།

ཁྱུང་དཀར་ཟླ་བ།
mmexport1445779998755

     ད་ལོར༼༢༠༡༥༽རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་སྤྲུལ་སྐུ་འཇིགས་མེད་རིག་པའི་བློ་གྲོས་མཆོག་གི་བཞེད་དགོངས་ལྟར། ཁོང་གི་ཡོན་བདག་དུ་གྱུར་བའི་པེ་ཅིང་གི་དད་ལྡན་ལིག་ཡུས་པེན(刘乙冰)དང་ཐེ་གུར(泰格尔)རྣམ་གཉིས་ནས་རང་དོན་དུ་དགེ་བ་ཚོགས་བསགས་དང་གཞན་དོན་དུ་སེམས་ཅན་བདེ་བའི་རྒྱུར་སྨིན་ཅིང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་ཐང་རྒྱས་པ། ཁྱད་པར་དུ་གཤེན་རབ་བསྟན་པའི་གཙུག་རྒྱན་དུ་གྱུར་བའི་འདྲེན་པ་ཆེན་པོ་རྒྱལ་བ་སྨན་རི་དཔོན་སློབ་རྣམ་གཉིས་དང་། བདག་ཅག་གི་རྩ་བའི་བླ་མ་རིན་པོ་ཆེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དང་བཅས་པའི་བསྟན་པའི་མངའ་བདག་ཡོངས་ཀྱི་སྐུ་ཚེའི་རྒྱལ་མཚན་བརྟན་ཅིང་མཛད་པའི་འཕྲིན་ལས་མཐའ་ནས་མཐའ་རུ་རྒྱས་པའི་རྟེན་འབྲེལ་དུ་དམངས་སྒོར་ཁྲི་བཅུ་ལྷག་ལས་བརྒལ་བ་ཙམ་གྱིས་རྒྱུ་གསེར་ཟངས་ལས་གྲུབ་པའི་ཀུན་བཟང་རྒྱལ་བ་རྒྱ་མཚོ་ཕྱག་སྟོང་སྤྱན་སྟོང་ཁྲི་དགུ་བའི་བདག་ཉིད་ཅན་ཞིག་བཞེངས་བསྐྲུན་ལེགས་གྲུབ་བྱུང་སྟེ། ཧོར་ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོའི་ཆར་སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་གཙོ་བྱས་པའི་སྤྲུལ་སྐུ་འཇིགས་མེད་བློ་གྲོས་ལ་སོགས་པའི་བླ་གྲྭ་ཡོངས་དང་། ལོ་གསུམ་སྒྲུབ་གྲྭ་བ་ཡོངས་ནས་བཀྲ་ཤིས་སྒོ་མང་མཆོད་རྟེན་དུ་གདན་འདྲེན་ལེགས་པར་ཞུས་ཤིང་། བླ་མ་རིན་པོ་ཆེས་བཀའ་བཀོད་ནང་བཞིན་སྔ་དྲོའི་ཆུ་ཚོད་བཅུ་གཉིས་པའི་སྟེང་དབུས་ཀྱི་ཁྲི་སྟེང་དུ་ལེགས་པར་བཞུགས་སུ་གསོལ་བ་དང་། བླ་གྲྭ་ཡོངས་ཀྱིས་མཆོད་རྟེན་ཆེན་མོའི་མདུན་ནས་བཀྲ་ཤིས་གསོལ་ཇ་གནང་སྟེ་དགའ་སྤྲོའི་རྟེན་འབྲེལ་གྱི་དཔལ་ཕུན་སུམ་ཚོགས་པ་དང་བཅས་ལས་རིམ་གྱི་མཇུག་ཡོངས་སུ་གྲུབ་པའི་གནས་ཚུལ་རགས་ཙམ་མོ།།
mmexport1445779942203 mmexport1445779947495 mmexport1445779953327 mmexport1445779957804 mmexport1445779962694 mmexport1445779970373 mmexport1445779974067 mmexport1445779978492 mmexport1445779983999 mmexport1445779989317 mmexport1445779993853  mmexport1445780021618

ཀུན་བཟང་རྒྱལ་བ་རྒྱ་མཚོ་ཕྱག་སྟོང་སྤྱན་སྟོང་བའི་བཞེངས་སྐུ་ལེགས་གྲུབ་བྱུང་བ།” སྟེང་དུ་དཔྱད་མཆན 2 ཡོད།

  1. གཡུང་དྲུང་བོན་གྱི་བསྟན་པའི་སྦྱིན་བདག་རྣམས་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པ་དང་། རེབ་གོང་བོན་མང་དྲ་ཚིགས་ཀྱི་ལས་སྒྲུབ་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།