སྨན་རིའི་གླིང་གི་བོན་ཕྲུག་བདེ་དོན་གྱི་གཟེངས་རྟགས་མཛད་སྒོ།

ཕྱི་ལོ་༢༠༡༥ཟླ་བ་༡༠ཚེས་༢༥ཉིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དཔེ་མཛོད་ཁང་དུ་བོན་ཕྲུག་བདེན་དོན་གྱི་སློབ་ཕྲུག་རྣམས་ཀྱིས་ལོ་གཅིག་རིང་སློབ་ཕྲུག་གྲུབ་འབྲས་འབུར་ཐོན་རྣམས་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ་བསྡུས་ཡོད།
12182055_1065113813522117_1530635737_n དེ་ཡང་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་འདུས་སྡེའི་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་དང་བཤད་སྡེའི་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ། དབུས་གཡུང་དྲུང་བོན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཟླ་བ་དར་རྒྱས་མཆོག བོན་བུ་ཁྱིམ་ཁང་གི་དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ། སྐུ་ངོ་བྱ་དུར་བཟང་པོ་མཆོག བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་འགོ་བློ་ལྡན་ཉི་མ་མཆོག བོན་གཞིས་ཉིན་སློབ་ཀྱི་སློབ་སྤྱི་ཨེར་སི་ཀེར་སིན་མཆོག 12179883_1065113793522119_2070032577_nདཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གཉེར་པ་ཞང་ཞུང་བ་འཕྲིན་ལས་རྒྱ་མཚོ། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཤེས་རབ་རྣམ་རྒྱལ་བཅས་ལས་སྣེ་གནད་ཡོད་མི་སྣ་རྣམས་ཕེབས་ཡོད་པ་དང་། མ་ཟད་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་སློབ་སྟོན་བཀའ་སློབ་ཟབ་རྒྱས་གསུངས་ཡོད་པ་དང་དེ་བཞིན་ཉིན་སློབ་ཀྱི་སློབ་སྤྱི་དང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་དང་གཞིས་འགོ་བློ་ལྡན་ཉི་མ་བཅས་ཀྱིས་ཀྱང་གཏམ་བཤད་ཟབ་རྒྱས་གནང་ནས་གཟེངས་རྟགས་བསྩལ་ཡོད་པ་བཅས་ཀྱི་གནད་བསྡུས་ཙམ་མོ།།

པར་པ། སྐྱིད་སྲས་དགེ་ལེགས་ཉི་མ།

གཡུང་དྲུང་བོན་དྲ་ཚིགས་ལས་དྲངས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།