རེབ་གོང་བོན་མང་གི་བཅུ་བའི་སྒྲུབ་མཆོད་ཆེན་མོ།

05

    སྤྱི་ལོ༢༠༡༥ལོའི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བཅུ་བའི་སྒྲུབ་མཆོད་དམ་སྟོན་ཆོས་ཆེན་མོ་ནི་ཧོར་ཟླ་བཅུ་བའི་ཚེས་བརྒྱད་ནས་བཅུ་གཅིག་བར་ཧོར་སྙན་བཟང་ཁྱུང་བོ་ལ་ཁའི་གསས་ཁང་ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་དུ་འཚོགས་ཤིང་། ཉིན་དང་པོར་རང་བཞིན་བྱིན་རླབས་ཀྱི་དབྱིངས་ནས་རོལ་མོའི་དབྱངས་སྙན་གྱི་བསུ་བ་གདན་འདྲེན་དང་བཅས་ཡར་འཚོགས་བྱས་ཤིང་། ཁྱད་པར་དུ་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱས་གཙོས་པའི་རེབ་འདིའི་ལས་སྣ་ཡོངས་ཀྱི་རེ་ཞུ་ལྟར་ཉིན་གསུམ་གྱི་རིང་ལ་དཔལ་ལྡན་རྩ་བའི་བླ་མ ༧ དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་གིས་སྐུ་ཚེགས་དཀའ་ལས་ལ་མ་འཛེམ་པར་ཞབས་ཟུང་གསེར་གྱི་འཁོར་ལོ་སྙན་བཟང་ཁྱུང་བོའི་ཡུལ་དུ་བསྒྱུར་

ཅིང་། 01བོན་མང་འདུས་པ་རྒྱ་མཚོའི་ཚོགས་དབུར་བཞུགས་གསོལ་གནང་སྟེ་དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་ཡིད་ཀྱི་དངས་པ་རྨང་ནས་འདྲེན་པར་མཛད། ཉིན་གསུམ་པར་བླ་མ་རིན་པོ་ཆེ་ཚང་ནས་ཚོགས་མང་ཡོངས་ལ་དམངས་སྒོར་ཉིས་བརྒྱ་རེས་འགྱེད་ཕོགས་བསྩལ་བ་དང་། ཁོང་གི་ནང་ལོགས་ཀྱི་དད་ལྡན་སློབ་མ་མང་པོས་ཀྱང་ཉིན་གསུམ་གྱི་རིང་ལ་འདོན་བཅོལ་ཚོགས་བསགས་ཀྱི་དགེ་སྒྲུབ་བསམ་གྱིས་མི་ཁྱབ་པ་མཛད། གཞན་ཡང་རེབ་འདིའི་ཁྲི་བ་ཆེན་མོ་ལྷ་རྒྱལ་མཁར་དང་བཀྲ་ཤིས་རབ་བརྟན། ལྕགས་བྱམས་རྒྱལ། དགེ་བསྐོས་རྡོ་རྗེ་ཚེ་རིང་སོགས་ཀྱིས་ཀྱང་དམངས་སྒོར་བརྒྱ་ཕྲག་རེ་དང་མར་རྩམ་གོ་སྐལ་སོགས་ཀྱིས་འགྱེད་གཏོང་རྒྱ་ཆེར་གནང་སྟེ་རྒྱུ་བསོད་ནམས་ཀྱི་ཚོགས་ཆེན་པོར་བསགས་ཤིང་།
ཧི་བོན་དྲ་ཚིགས་ཀྱི་ལས་སྒྲུབ་པ་ཁྲི་བསོད་བསྟན་དང་རེབ་གོང་བོན་མང་དྲ་ཚིགས་ཀྱི་ལས་སྒྲུབ་པ་རེབ་སྐྱིད་ཡར་འཕེལ་རྣམ་གཉིས་ཀྱིས་ཀྱང༼མདོ་སྨད་བོན་བརྒྱ་དགོན་གྱི་འདུས་སྡེ་རྒྱ་མཚོའི་རྒྱུན་འཁྱེར་ཞལ་འདོན༽ཞེས་པ་ཚོགས་མང་ཡོངས་དང་།

02རྣམ་དཀར་དགེ་ལ་འདུན་པའི་གཡུང་དྲུང་བོན་གྱི་དད་ལྡན་ཕོ་མོ་ཡོངས་ལ་རིན་མེད་བོན་སྦྱིན་དུ་བསྩལ། མཐར་བོན་སྐྱོང་དམ་ཅན་རྒྱ་མཚོ་རེ་རེའི་གར་འཆམ་གྱི་རིམ་པ་དང་བཀྲ་ཤིས་གཡང་འབོད་ཅི་རིགས་བརྗོད་པ་དང་བཅས་མཇུག་ལེགས་པར་གྲུབ་་པའི་གནས་ཚུལ་རགས་བསྡུས་ཙམ་མོ།།

 mmexport1448118388556
0406 mmexport1448118375369mmexport1448118378745  mmexport1448118423429  mmexport1448118402454 mmexport1448118405966 mmexport1448118420229 15 07 mmexport14481187161560803130910 mmexport14481187239321211

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།