ས་ཡོམ་ཁྲོད་གནོད་འཚེ་ཐེབས་པའི་ཡུལ་ཤུལ་མི་དམངས་ལ་ཕུལ་བ།

2115122801
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་སྐྱོང་ཁུལ་ཡུལ་ཤུལ་རྫོང་ལ་ཟླ4པའི་ཚེས14ཡི་ཞོགས་པའི་ཆུ་ཚོད7དང་སྐར་མ49སྟེང་ཚད་རིམ་བདུན་དང་གྲངས་ཆུང་གཅིག་ཅན་གྱི་ས་འགུལ་བྱུང་སྟེ། དེ་རིང་ལ་ཐུག་གི་བར་དུ་མི791གི་ཚེ་སྲོག་ཤོར་ཞིང་། མི294བོར་བརླག་བྱུང་། མི11486ལ་རྨས་སྐྱོན་བྱུང་བ་དང་། དེ་ལས་མི1176ལ་རྨས་སྐྱོན་ལྕི་མོ་བྱུང་འདུག
འདིར་རེབ་གོང་བོན་མང་དྲ་བས་ཐེངས་འདིའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་རིགས་མཐུན་འདས་པོ་ཡོངས་ལ་སེམས་གཏིང་ནས་མྱ་ངན་ཞུ་རྒྱུར་མ་ཟད། རྨས་སྐྱོན་ཤོར་བའི་ཤུལ་ལུས་སྤུན་ཟླ་རྣམས་སྲོག་ཉེན་ལས་ཐར་ཞིང་བདེ་ཐང་གིས་འཚོ་ཐུབ་པའི་སྨོན་འདུན་ལན་བརྒྱར་ཞུ་རྒྱུ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།