རེབ་གོང་བོན་མང་གི་ལོ་སར་སྨོན་ལམ་ཆོས་ཐོགས་དང་གཤེན་གྱི་གར་འཆམ་ཆེན་མོ།

IMG_2471གཤེན་གྱི་འབྱུང་ལྡན་ཟླ་ཐིག་རྩེ་མོའི་བོད་རྒྱལ་ལོ་(༣༡༥༣)བོད་མེ་སྤྲེལ་ལོར་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་སྟེ། ཕྱི་ལོ་༢༠༡༦ཟླ་༢པའི་ཚེས་༡༢ཉིན་ཡུལ་མདོ་སྨད་བྱང་ཁའི་ཕྱོགས་ན་ཞྭ་དཀར་གཡུང་དྲུང་བོན་གྱི་གསང་བ་སྔགས་ཀྱི་བསྟན་པ་འཛིན་པའི་སྒྲུབ་སྡེའམ་དགོན་སྡེ་ཆེན་མོ་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་༧ གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཆེན་མོ ༧རྣམ་འདྲེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་མི་ལོ(༦༦༠)འཁོར་བའི་དུས་ཆེན་ཁྱད་པར་ཅན་དེ་རེབ་གོང་བོན་མང་གི་གྲུབ་ཐོབ་ངོ་སྤྱི་ཁྱུང་གསུམ་ལས་ངོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་གདན་ས་(ངོ་མོ་ཡེ་ཤེས་རྒྱལ་བསྟན་ཡེ་ཤེས་རྒྱ་མཚོ་གླིང་)དུ་དུས་ལྟར་འཚོགས་ཤིང་།IMG_2345 ཉིན་དང་པོར་བླ་མ་ཚེ་དབང་རིག་འཛིན་གྱི་ཆོ་གའི་ཞལ་ཕྱེས་ཏེ་ཆོས་ཐོགས་ཀྱི་དབུ་བཟུང་བ་དང་། ཚེས་༧ཉིན་སྔགས་མང་འདུས་པ་རྒྱ་མཚོའི་སེར་ཕྲེང་དང་གསང་སྔགས་ཀྱི་གཞུང་བཤད་དང་མཐུན་པར་རྒྱལ་བ་གཤེན་གྱི་གར་འཆམ་གྱི་ངོ་བོ་ནི། དམིགས་པའི་གནད་ལ་བདག་ཉིད་ཡི་དམ་གྱི་ལྷ་དང་བོན་སྐྱོང་སོགས་ཀྱི་ང་རྒྱལ་དང་མ་བྲལ་ཞིང་གསལ་སྣང་གི་རེག་པའི་ཚད་དུ་སླེབས་པ་དག་པ་དྲན་པའི་སྟོབས་ཀྱིས་ཐ་མལ་གྱི་སྣང་བ་གཞིལ་བ་  སོགས་ཀྱི་འགྲེལ་བཤད་རེ་ཞིག་མཚམས་བཞག་སྟེ  གསང་སྔགས་སྒྲུབ་གཞུང་གི་ལས་མཐའ་ཡང་ཟློག་པ་འཕེན་པའི་མཚམས་ལ་སླེབས་ཡོད་པས་བོན་མང་འདུས་པ་རྒྱ་མཚོ་ཡོངས་གཏོར་ཟློག་ལ་བུད་པ་དང་། མཐར་བྲོ་རྡུང་དང་ལྷ་རྒྱལ་བཀྲ་ཤིས་གཡང་འབོད་ཀྱིས་མཇུག་བསྡུས་དང་། སང་ཉིན་གྱི་ཞོགས་པ་ཉི་ཤར་དང་པོ་ལ་བོན་མང་འདུས་པ་རྒྱ་མཚོ་ནས་བཀྲ་ཤིས་གཡང་ཇ་བཞེས་པ་དང་ལྷན་ད་ཐེངས་ཀྱི་འཚོགས་གྲོལ་བ་ཡིན།IMG_2349རྒྱལ་བ་གཤེན་གྱི་གར་འཆམ་ཞེས་པའི་ངོ་བོ་རགས་གླེང་།
གསང་སྔགས་ཀྱི་གཞུང་བཤད་དང་མཐུན་པར་རྒྱལ་བ་གཤེན་གྱི་གར་འཆམ་གྱི་ངོ་བོ་ནི། དམིགས་པའི་གནད་ལ་བདག་ཉིད་ཡི་དམ་གྱི་ལྷ་དང་བོན་སྐྱོང་སོགས་ཀྱི་ང་རྒྱལ་དང་མ་ བྲལ་ཞིང་གསལ་སྣང་གི་རེག་པའི་ཚད་དུ་སླེབས་པ་དག་པ་དྲན་པའི་སྟོབས་ཀྱིས་ཐ་མལ་གྱི་སྣང་བ་གཞིལ་བ། རྫོགས་རིམ་གྱི་དབང་དུ་བྱས་ན། རྩ་རླུང་ཐིག་གསུམ་ལ་རང་དབང་འབྱོར་ཞིང་ཟུང་འཇུག་གྱི་ཕྱག་རྒྱ་མངོན་དུ་བརྙེས་པ།01
རྣམ་པའི་གནད་ལ་གང་གི་ངོ་བོར་བཞེངས་པའི་ཡི་དམ་དང་བོན་སྐྱོང་གི་ཆ་ལུགས་དང་ཡ་ མ་བྲལ་བ་སྟེ། ཕྱི་ནང་གསང་བའི་བདུད་ཚོགས་རྣམས་ཟིལ་གྱིས་གནོན་པ་དང༌། ཁྱད་པར་དུ་རྟོགས་པས་བདག་བསྒྲལ་བ་དང་གྲུབ་པས་གཞན་བསྒྲལ་བའི་ལས་ལ་ཞུགས་པའི་ ཞི་དྲག་ཅི་རིགས་ཀྱི་བསྡུས་པའི་ལུས་ཀྱི་སྟངས་སྟབས་ཞིག་ལ་འདོད་དེ། རྩ་རྒྱུད་གསང་བ་བསེན་ཐུབ་ལས། རང་བཞིན་ཆ་ལུགས་ལྔ་རུ་བཞུགས་ནས་ནི། ཕྱག་རྒྱ་སྐུ་རྣམས་ཡེ་ཤེས་ལྷ་རུ་སྒོམ། བདག་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་ལས། ཕུང་པོ་རྩ་དང་ཡན་ལག་བཅའ་བ་རྣམས། སྒྱུ་འཕྲུལ་བྱེ་བ་ས་ཡ་ལུས་ལ་བཀོད།02 རྟགས་གསུམ་ཚང་ནས་དམིགས་པ་དབྱིངས་སུ་བསྟིམ། སེམས་བསྐྱེད་ཡིད་བཟུང་ལྷ་ཡི་ཏིང་འཛིན་ནི། ཆས་བཞག་རྟེན་གནས་ལྷའི་གཞི་མ་སྟེ། གནས་པ་མཚོན་ཕྱིར་དམིགས་པའི་ཕོ་བྲང་བཀོད། ཡིག་འབྲུ་བསྐྱེད་པ་ལྷའི་ས་བོན་ཏེ། ཡིག་འབྲུ་བརྒྱ་རྩ་སྐར་ཆེན་བཞིན་དུ་བཀྲམས། ཏིང་འཛིན་རྣམས་ནི་ལྷ་ཡི་ཞགས་པ་སྟེ། དམིགས་པ་མི་གཏོང་སོ་སོའི་གནས་སུ་བཟུང༌། སྙིང་པོ་རྣམས་ནི་ལྷ་ཡི་ཕེའུ་སྟེ། དབྱིངས་ནས་འགུགས་ཤིང་མཁའ་ལ་གསལ་ཀྱང་བཏབ། ཅེས་གསུངས་པ་ལྟར་རོ། 03 ཡང་འགའ་ཞིག་ནས། གཞུང་བཤད་དང་མཐུན་པར་གར་ནི་ལག་པས་བསྒྱུར་བ་དང༌། བྲོ་ནི་རྐང་པས་བརྡུང་བ། ཞེས་ཀྱང་གསུངས། འཆམ་ཞེས་པ་ཡང༌། བོད་རྒྱ་ཚིག་མཛོད་ལས།  དཔེར་ན་ཁ་འཆམ་པ་དང༌། གྲོས་འཆམ་པ་སྟེ། ཁ་མཐུན་པའམ་མཚུངས་པར་བསྒྱུར་བ་ལ་གོ་བས། ཞབས་ཕྱག་གི་སྟབས་རྣམས་མཚུངས་པར་བསྒྱུར་བ་ལ་འཆམ་ཞེས་གསུངས་པ་ཡང་ཕྱི་ལྟར་དེ་ ལྟར་ཡིན་དུ་ཆོག་ཀྱང༌།04 ནང་ལྟར་ན་བསྐྱེད་རྫོགས་ཟུང་འཇུག་དང་ཡ་མ་བྲལ་བར་ཞབས་ཕྱག་གི་སྟངས་སྟབས་ མཚུངས་པར་བསྒྱུར་བ་ལ་གོ་དགོས་སམ་སྙམ་མོ། དགོན་སྡེ་སོ་སོར་འཆམ་སྣ་མི་འདྲ་བ་དང་འཆམ་གྱི་སྲོལ་འབྱེད་མི་འདྲ་བས་གསར་ གཏོད་ལས་གྲུབ་པའི་འཆམ་སྲོལ་མི་འདྲ་བ་བརྗོད་ཀྱི་མི་ལང་བ་ཞིག་ཡོད་པས།  རེབ་གོང་བོན་མང་གི་འཆམ་སྲོལ་ཡང་པར་རིས་འདི་དག་ལས་མཐོང་ཐུབ་བོ།།05 06IMG_2514

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།