བོན་བརྒྱ་དགོན་པའི་གླིང་སྐོར་སེར་ཕྲེང་དང་འཛམ་གླིང་སྤྱི་བསང་ཆེན་མོ།

IMG_2605བོད་མེ་ཕོ་སྤྲེལ་ལོའི་ཧོར་ཟླ་དང་པོའི་ཚེས་དགུའི་ཉིན་སྟེ། ཕྱི་ལོ༢༠༡༦ ཟླ༢ ཚེས་༡༦ཉིན་ཡུལ་མདོ་སྨད་རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བླ་གྲྭ་འདུས་སྤྱི་ཡོངས་དང་དད་ལྡན་མང་ཚོགས་མང་པོ་ལྷན་ཅིག་རང་དགོན་ཏུ་འཚོགས་ཏེ་འཛམ་གླིང་སྤྱི་བསང་ཆེན་མོའི་ཆོ་ག་རྒྱ་ཆེར་སྤེལ་བ་དང་། མ་ཟད་བླ་གྲྭ་ཡོངས་ནས་གླིང་སྐོར་སེར་ཕྲེང་གིས་སྣེ་དྲངས་ཤིང་དད་ལྡན་ཕོ་མོ་མང་པོ་སྟར་ཕྲེང་སྒྲིག་སྟེ་ངག་བཟླས་བརྗོད་དང་བཅས་ཕྱི་སྐོར་དུ་ཕེབས་ཤིང་། ཚོགས་ཆེན་འདུ་ཁང་གི་མདུན་ནས་སྨོན་ལམ་བསྟན་པ་དར་རྒྱས་ཀྱི་དབྱངས་རྟའི་ཁྲོད་གླིང་སྐོར་སེར་གི་མཇུག་བསྡུས་པ་དང་། བོན་བརྒྱ་དགོན་པའི་བཤད་སྒྲུབ་སློབ་གླིང་གི་སློབ་མ་རྣམས་ཀྱིས་མཁན་ཆེན་བོན་ནག་ཚང་ཡེ་ཤེས་བློ་གྲོས་མཆོག་གི་མདུན་དུ་བློ་རྒྱུགས་སྤྲད་པ་དང་མཁན་པོ་ཚང་ནས་འབྲས་རྟགས་གནང་བ་སོགས་བྱས་ཏེ་སྨོན་ལམ་གྱི་ཚོགས་ཆེན་ཡོངས་སུ་གྲོལ་བ་ཡིན།

IMG_2595IMG_2545IMG_2607IMG_2608IMG_2609IMG_258401
02 03 04IMG_2548IMG_2551IMG_2555IMG_2559IMG_2564IMG_2543IMG_2565

IMG_257305 06 07 08 09 10 11 12

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།