གཡུང་དྲུང་བོན་གྱི་མཐོ་རམས་འཛིན་གྲྭ་མཐར་ཕྱིན་པ།

ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་གཉིས་པའི་གཡུང་དྲུང་བོན་གྱི་མཐོ་རམས་འཛིན་གྲྭ་མཐར་ཕྱིན་པ།

རྩོམ་པ་པོ། ཁྱུང་གསེར་ཞུན།

1a1d084d0aecf558e28dff109a487099

དེ་ཡང༼༢༠༡༤༽ལོར་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་མཐོ་རམས་སློབ་མར་རྒྱུགས་འཕྲོད་པའི་བོན་གྱི་སློབ་མ་བཅུ་གསུམ་སྟེ། བོད་ལྗོངས་ཀྱི་ཁོངས་ནས་འབྲི་རུ་རྫོང་དངུལ་ཁོ་དགོན་གྱི་དགེ་བཤེས་ཚུལ་ཁྲིམས་སྨོན་ལམ། སྦྲ་ཆེན་རྫོང་སྤ་ཚང་དགོན་གྱི་དགེ་བཤེས་བསམ་གཏན་རྒྱལ་མཚན་དང་། ལུང་དཀར་དགོན་གྱི་དགེ་བཤེས་ཤེས་རབ་མཐར་ཐུག སྤུ་ལ་དགོན་གྱི་དགེ་བཤེས་བསོད་ནམས་གཡུང་དྲུང་། སྟེང་ཆེན་རྫོང་ཞུ་ཚང་དགོན་གྱི་དགེ་བཤེས་བསྟན་འཛིན་རྣམ་རྒྱལ། ཆབ་མདོ་རྫོང་མང་རི་དགོན་གྱི་དགེ་བཤེས་གཡུང་དྲུང་སྨོན་ལམ། ཟི་ཁྲོན་རྔ་བ་རྫོང་སྣང་ཞིག་དགོན་གྱི་དགེ་བཤེས་བསོད་ནམས་རིན་ཆེན་དང་། དགེ་བཤེས་ཤེས་རབ་རྒྱ་མཚོ། དགེ་བཤེས་རིན་ཆེན་ལྷུན་གྲུབ། ཁྱུང་མཆུ་རྫོང་ཚ་ལུང་དགོན་གྱི་དགེ་བཤེས་ནམ་མཁའ། མཛོ་དགེ་རྫོང་བབ་བཟོ་མདའ་ཆེན་དགོན་གྱི་དགེ་བཤེས་གཡུང་དྲུང་རྣམ་རྒྱལ། ཉག་ཆུ་རྫོང་ཐང་སྒང་དགོན་གྱི་དགེ་བཤེས་སྐལ་བཟང་ཚུལ་ཁྲིམས། ཉག་རོང་རྫོང་སུ་ལ་དགོན་གྱི་ཨ་ཡག་བླ་མ་ཤེས་རབ་ཉི་མ་བཅས༼༢༠༡༦༽ལོའི་ཟླ༼༥༽པར་སློབ་མཐར་ཕྱིན་པའི་མཛད་སྒོ་སློབ་གླིང་དུ་སྤེལ། དེ་ཡང་གོང་ཚེས་༼༡༣–༡༦༽བར་ཉིན་བཞིའི་རིང་དཔང་བཞུགས་བོན་གྱི་དགེ་རྒན་ཆེན་མོ་བ་ཀླུ་ཕུག་དགོན་གྱི་གཡུང་དྲུང་གཙུག་ཕུད་མཆོག་དང་། སྣང་ཞིག་དགོན་གྱི་ལུང་རྟོགས་རྒྱ་མཚོ་མཆོག རྩེ་དྲུག་དགོན་གྱི་བསྟན་པའི་རྒྱལ་མཚན་མཆོག དགའ་མལ་དགོན་ཆེན་གྱི་ཤེས་རབ་མཐར་ཕྱིན་མཆོག དེ་བཞིན་ས་སྐྱ་བའི་དགེ་རྒན་ཆེན་མོ་ཀར་ཐར་མཆོག བཀའ་བརྒྱུད་པའི་དགེ་རྒན་ཆེན་མོ་མཁྱེན་རབ་རྒྱ་མཚོ་མཆོག་བཅས་དབུ་བཞུགས་ཐོག་སྣང་ཞིག་དགོན་དང་། དགའ་མལ་དགོན་ཆེན། ཀླུ་ཕུག་དགོན། རྩེ་དྲུག་དགོན་བཅས་ནས་ཕེབས་པའི་རྩོད་པ་བ་སུམ་ཅུ་ཡར་འཕེལ་དང་ལྷན་དུ་། རྩོད་གཞུང་ཚད་མ་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་གཞུང་ཆེན་དྲུག་ལ་དམ་འཇོག་དང་རྩོད་སྤང་གནང་།7727aa5fb5f012a6f2f9b66c513d3be6 7b0e11ff84e26961bea6c770ffa967cf 6c0bbb2af3d36049298545430d3a9e22ཚེས༼༡༦༽ཕྱི་དྲོར་དམ་བཅའ་གྲུབ་མཚམས་དགེ་སློབ་ཚང་མ་གླིང་གཙོ་ཀུན་མཁྱེན་འཇམ་འབྱངས་བཞད་པ་རིན་པོ་ཆེར་ཟུར་མཇལ་གྱི་སྐལ་བཟང་ཐོབ་ཅིང་། སྐབས་དེར་ཁོང་གི་བཀའ་གསུང་གནད་བསྡུས་སུ་བཀོད་ན“ད་རེས་བོན་གྱི་དགེ་སློབ་ཚང་མ་ཀུན་སྤྱོད་དང་། སྒྲིག་ལམ། མཐུན་སྒྲིལ། སློབ་སྦྱོང་བཅས་ཕྱོགས་གང་ཐད་ནས་ཡག་པོ་བྱུང་བར་མ་ཟད། སྤྱིར་བོན་པོ་ནི་བོད་ཀྱི་གྲུབ་མཐའ་ཆེ་དྲུག་གི་དང་པོ་བྱུང་བ་ཡིན་ལ་གཞུང་བཀའ་པོད་ལྔ་ཡི་བསླབ་སྦྱང་ཡོད་པའི་ཐོག་ཐུན་མིན་གྱི་ཁྱད་ཆོས་ཡོད་པའི་ངོས་འཛིན་ཡོད། དེ་བཞིན་གྲུབ་མཐའ་ཕན་ཚུན་ལ་བརྩི་འཇོག་དགོས་ལ། སོ་སོའི་ལ་རྒྱ་ཡང་དགོས། མ་འོངས་མཐོ་རམས་པའི་གྲངས་ཚད་མང་དུ་གཏོང་བ་སོགས་གོ་སྐབས་བཟང་པོ་ཡོད་པ། དེ་བཞིན་དགེ་རྒན་གཡུང་དྲུང་གཙུག་ཕུད་མཆོག་ནི་གཡུང་དྲུང་བོན་གྱི་བསྟན་འཛིན་སྐྱེས་མཆོག་ཅིག་ཡིན་པར་མ་ཟད་རྗེས་སུ་ཡང་སློབ་གླིང་འདིར་དགེ་རྒན་གྱི་ཕྱག་ལས་མུ་མཐུད་གནང་ཐུབ་ན་ལེགས་པ”སོགས་གལ་ཆེའི་བཀའ་སློབ་ལམ་སྟོན་བསྩལ།

5a106f71305d290a563092360c74b6bb 5edd4aa87a5078a7db06bc22c3db5e87

ཚེས༼༡༧༽ཉིན་སློབ་མ་རྣམས་ནས་མཐར་ཕྱིན་ཡོན་གནས་དཔྱད་རྩོམ་སོ་སོར་དམ་འཇོག་དང་བགྲོ་གླེང་དྲི་བ་དྲིས་ལན་གྱི་སྒོ་ནས་རྒྱུགས་འབུལ་ཞུས། ཕྱི་དྲོར་བགྲོ་གླེང་གྲུབ་མཚམས་སློབ་ཐོན་ཕྱག་འཁྱེར་གནང་བའི་མཛད་སྒོ་འཚོགས་ཤིང་གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་རིན་པོ་ཆེ་ནས་སློབ་ཐོན་དཔང་ཡིག་བསྩལ་གནང་མཛད་ཅིང་སློབ་གླིང་གི་དབུ་ཁྲིད་དང་དགེ་སློབ་ཚང་མ་མཉམ་དུ་དྲན་རྟེན་གྱི་སྐུ་པར་བསྐྱོན།

491d9beac0bea0929770efaf38dea7d8 bafc5a8347cdee6855c5cbde1206af6e14244588eeb117d70e98132046532cc1ཚེས༼༡༨༽ཉིན་དགེ་སློབ་ལྷན་རྒྱས་པེ་ཅིན་གྱི་ནུབ་ཕྱོགས་སུ་གནས་པའི་སངས་རྒྱས་ཤཱཀྱ་མུ་ནེའི་ཚེམས་བཞུགས་པའི་མཆོད་རྟེན་ལ་མཇལ་སྐོར་དུ་ཕྱིན།

a3419af2007724bc194244f707c896eeཚེས༼༡༩༽སྔ་དྲོར་བོད་སོགས་ཞིང་ལྗོངས་ལྔ་ནས་ཕེབས་པའི་གྲུབ་མཐའ་ཆེ་དྲུག་གི་བླ་ཆེན་ཁག་དབུ་བཞུགས་ཐོག་དགེ་སློབ་ལྷན་རྒྱས་ནས་ཡོན་གནས་དམ་བཅའི་སྨོན་ལམ་ཆེན་མོ་རྒྱས་འཚོགས་གནང་།

675ce9537ad829a12709278229429a6a 3f22591f097d5fbd7b2e3d5080d81087ཕྱི་དྲོར་ཡོན་གནས་ཕྱག་འཁྱེར་སྤྲོད་པའི་མཛད་སྒོ་འཚོགས་ཏེ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱབ་ཁབ་ཆོས་དོན་ཅུད། ཀྲུང་གོའི་ནང་བསྟན་མཐུན་ཚོགས། མཐོ་རིམ་ནང་བསྟན་སློབ་གླིང་གི་དབུ་ཁྲིད། ཞིང་ལྗོངས་ལྔ་ཡི་འབྲེལ་ཡོད་མི་སྣ་རྣམས་དབུ་བཞུགས་ཐོག་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་རིན་པོ་ཆེ་ནས་ཡོན་གནས་ཕྱག་འཁྱེར་གནང་ཞིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་དབུ་འཛིན་ཀྲུང་ཡེ་ཆོན་སོགས་འབྲེལ་ཡོད་མི་སྣ་འགའ་ཡིས་གསུང་བཤད་གནང་།

6fa77ae25ca685014f295bfbdc0ca1c3 ca1bb77e0fedc17755a6b7c7ed6f7ea9 f9e307be8d5219c25b4c11aff419d529དེ་ནས་དགེ་སློབ་ཚང་མ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་པུའུ་ཀྲང་སྲུང་ཆིན་ལིན་གྱིས་མཇལ་འཕྲད་གནང་ཞིང་མཇུག་ཏུ་ས་གནས་དེར་གསོལ་སྟོན་ཟབ་རྒྱས་ལ་རོལ་ཅིང་བཀྲ་ཤིས་ཁ་དགེའི་ངང་ནས་ཐེངས་འདིའི་མཛད་སྒོ་ཡོངས་སུ་མཇུག་གྲུབ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།