རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་དུ་བོན་གྱི་ཡི་དམ་དང་སྲུང་མའི་ནང་གཏོར་བཅུ་ཕྲག་ལྷག་བཞག་པ།

རྩོམ་པ་པོ། རེབ་སྐྱིད་ཡར་འཕེལ།  རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

IMG_4776སྤྱི་ལོ་2016ལོའི་རེབ་གོང་དམངས་སྲོལ་དུས་ཆེན་དྲུག་པའི་ཀླུ་རོལ་ཆེན་མོ་ཡིན་པས་རེབ་གོང་ཡུལ་དུ་ཡུལ་སྐོར་བའི་འཚང་ཁ་རྒྱག་བཞིན་ཡོད་ལ། རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་དུ་ཡང་དམངས་སྲོལ་ལག་རྩལ་གྱིས་བཟོས་པའི་ཐང་ཀ་དང་འབག་སྐུ། རྡོ་བསྐོས་རི་མོ་དང་ཤིང་བསྐོས་སོགས་རིགས་མི་འདྲ་བ་མང་པོ་ཡོད་པ་དང་།IMG_4787IMG_4774 ད་དུང་གྲུབ་མཐའ་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་མཚོན་པའི་ལྷ་ཆ་མཆོད་ཆ་བཞག་ཡོད་པས། རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གིས་ཀྱང་གྲྭ་བཙུན་ལྔ་དྲུག་ལྷག་གིས་ཟླ་གཅིག་རིང་ལ་ནན་ནན་ཏིག་ཏིག་གིས་ང་ཚོ་གཡུང་དྲུང་བོན་གྱི་ཡི་དམ་བཅུ་ཕྲག་ལྷག་གི་ནང་གཏོར་བཞེངས་ཏེ་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་དུ་བཞག་པ་དང་། IMG_4773ད་ཐེངས་ཀྱི་ནང་གཏོར་འདི་དག་གིས་ཡུལ་སྐོར་བ་དང་རེབ་གོང་གི་མང་ཚོགས་མང་པོ་ཞིག་གི་སེམས་ལ་བག་ཆགས་ཟབ་མོ་རེ་བཞག་ཡོད་ལ། ཡུལ་སྐོར་བ་དང་ཞིབ་འཇུག་པ་མང་པོ་ཞིག་གིས་བཤད་རྒྱུར་གཡུང་དྲུང་བོན་གྱི་དགོན་སྡེ་དང་བོན་ལ་ཞིབ་འཇུག་བྱེད་འདོད་ཀྱི་སྤྲོ་བ་ཆེན་པོ་བྱུང་སོང་ཟེར།IMG_4772IMG_4775 IMG_4777 IMG_4778 IMG_4779 IMG_4780 IMG_4781 IMG_4783 IMG_4784 IMG_4785 IMG_4786

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།