མདའ་ཆེན་དགོན་དུ་༧སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གིས་བཀའ་དབང་བསྩལ་བ།

མདའ་ཆེན་དགོན་དུ་༧སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གིས་བཀའ་དབང་བསྩལ་བ།

རྩོམ་པ་པོ། སྐྱང་སྲས། རྩོམ་ཁུངས། ཧི་མ་ལ་ཡའི་བོན།

01

༧སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་གིས་བབ་བཟོ་མདའ་ཆེན་དགོན་དུ་བཀའ་དབང་བསྩལ་བ།

02

སྤྱི་ལོ2016ལོའི་བོད་ཟླ8ཚེས27ཉིན། མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་སྙིགས་དུས་ཀྱི་འདུལ་འཛིན་པ་ཆེན་པོ་༧ སྐྱབས་རྗེ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་ཉིད་བླ་ཆེན་དྲན་པའི་ རྣམ་རོལ་དཔལ་སྐྱང་སྤྲུལ་རྒྱལ་བའི་དབང་པོ་མུ་ལ་ཝེར་ཞི་མཆོག་གི་གདན་ས་མདའ་ ཆེན་དགོན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་འདིར་ཞབས་སོར་འཁོད་དེ་བཀའ་དབང་ བསྩལ་བའི་སྐལ་བཟང་ཤར།

03

ད་ལན་གཙོ་བོ་དཔལ་མདའ་ཆེན་དགོན་དང་རྒུར་སྐྱང་དགོན། བབ་བཟོ་བསམ་འགྲུབ་དགོན། བྲག་དཀར་བྱ་རྒོད་ཉི་ཤར་དགོན། ཨ་སྐྱིད་སྐྱང་ཚང་དགོན། སྟག་ར་ཆགས་ར་དགོན། ཨ་ཞ་ནག་གོང་དགོན། འདོད་དགུ་གཡུང་དྲུང་ཇོ་མོ་དགོན། དགའ་མལ་དགོན་ཆེན། རིན་སྤུངས་དགོན། ཁོད་སྤུངས་དར་རྒྱས་དགོན། ཤར་བྲག་གཡུང་དྲུང་དགོན། ཐེ་བོ་གཙོ་ཚང་དགོན། མཚོ་སྔོན་དུང་དཀར་དགོན། རོང་ས་ཡུག་དགོན་བཅས་དགོན་ཁག་བཅུ་ལྷག་གི་བླ་གྲྭ་གཉིས་བརྒྱ་ལྷག་ལ།

04

རྒྱལ་བའི་བཀའ་རིན་པོ་ཆེའི་ནང་ནས་མདོ་གཡུང་དྲུང་ཀློང་རྒྱས་དང་གཤེན་རབ་རྣམ་པར་རྒྱལ་བ། ངན་སོང་སྐྱེ་སྒོ་གཅོད་པའི་མདོ། དཔལ་སྐྱང་སྤྲུལ་རྒྱལ་བའི་དབང་པོ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་མཛད་པའི་བོན་སྤྱོད་གསེར་གྱི་ཐིགས་པ། གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ། དྲན་པ་ཚེ་སྒྲུབ་སོགས་ཉིན་བདུན་གྱི་རིང་ལ་དངོས་སྟ་ཡོངས་རྫོགས་དམ་པའི་ཕྱག་ལེན་ལྟར་བསྩལ་ནས་སྐུ་བཞིའི་ས་བོན་ཐེབས་ངེས་ཀྱི་རིགས་ཅན་ལ་འགོད་པར་མཛད།

05

མཐར་གྲྭ་ཚང་འདུས་པ་རྒྱ་མཚོས་ལུང་རིགས་དྲི་མ་མེད་པའི་ལམ་ནས་དྲངས་པའི་མཎྜལ་ གྱི་ཚིག་བཤད་དང་བཅས་ཏེ་ཞིང་ཁམས་རྒྱ་མཚོའི་བཀོད་པ་དང་སྐུ་གསུང་ཐུགས་རྟེན། གོས་དྲུག་སྣ་ལྔ། བཀྲ་ཤིས་རྟགས་བརྒྱད། རིན་ཆེན་ནོར་བདུན། མཆོད་པ་སྣ་ལྔ་སོགས་གཏང་རག་གི་མཎྜལ་དང་དགའ་སྟོན་གྱི་ཆོ་གའི་མཐར་རྒྱན་པར་མཛད་དོ།།

0607

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།