བོན་བརྒྱ་དགོན་པའི་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་ཆེན།

རེབ་གོང་བོན་བརྒྱ་དགོན་པའི་སྟོན་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་ཆེན་ལ་བསྔགས་པ་འཇིག་རྟེན་

བརྒྱན་པའི་དབྱངས།

   རྩོམ་པ་པོ། རྩེ་གཡུང་དྲུང་འོད་ཟེར། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

25

རིག་འབྱུང་བྱང་ལ་ཆགས་པའི་འོད་ཀྱི་ཞིང་།།

སྨན་རིའི་ཕང་བར་འཛུམ་པའི་མཆོད་ཡུལ་མཆོག།

བཤད་སྒྲུབ་དགའ་ཚལ་རྒྱས་པའི་གཞི་རྐང་དེ།།

གསེར་ལྗོངས་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་།།

 

གཞི་ལམ་མཁྱེན་པ་རྫོགས་པའི་དཔྱོད་ལྡན་ཆེ།།

བཤད་སྒྲུབ་འདུས་སྡེ་སྐྱོང་བའི་དཔལ་གྱི་བདག།

སྐྱེ་རྒུའི་གཙུག་ན་འཛུམ་པའི་སྤྲུལ་བ་ཅན།།

མཉམ་མེད་བླ་མ་དམ་པའི་ཞབས་ལ་བསྟོད།།

 

ཁམས་གསུམ་གར་ལ་འཁྲོས་པའི་མངའ་བདག་པོ།།

གསར་མཁར་མཆོག་ལྔའི་ལྷ་ཡི་གཙོ་བོ་བ།།

མཐིང་ནག་ཆས་ཀྱིས་འཛིན་པའི་ཁྲོ་གར་ཅན།།

དབལ་གསས་མཁའ་འགྱིང་ཁ་ཡིས་རྟག་ཏུ་སྐྱོང་།།

44

43བཅོ་ལྔའི་ཉི་འོད་འཛུམ་པའི་ཚེས་བཟང་ལ།།

ཚོགས་མང་དགྱེས་འཛོམ་བྱུང་བའི་དབྱངས་རྟ་སྙན།།

བསྙེན་སྔགས་གཞུང་བཞིན་བསྐྱངས་པའི་མཐུ་སྟོབས་དང་།།

འདུལ་འཛིན་གྲྭ་ཚོགས་རྒྱས་པའི་སྣང་ཚུལ་བརྗིད།།

41403839ཉེར་གཉིས་ཞོགས་པ་ཤར་བའི་དུས་ཙམ་ལ།།

འདུས་སྡེ་སྟར་ལ་གཤར་བའི་རི་མོ་འབྲི།།

གདུགས་དང་རྒྱལ་མཚན་དར་དང་ཀ་འཕན་སོགས།།

སེར་འཕྲེང་ལྷ་ཡི་མཆོད་པ་སྙིང་གིས་བསྟོད།།

37སྒྲུབ་ཆེན་ཚོགས་འཁོར་བསྐོར་བའི་མཇུག་མཐའ་ལས།།

ཞི་དྲག་ལྷ་ཚོགས་འཁོར་གྱི་གཟུགས་དང་བཅས།།

སྒྲ་དབྱངས་རོལ་མོ་དཀྲོལ་བའི་སྟངས་ཀ་ལས།།

ལྷ་བྲོ་གར་ལ་འཆམ་པའི་གཟི་དཔལ་མཚར།།

36

བླ་མ་ལྷ་ཡི་ཞིང་ལ་ཉེར་བཏུད་ནས།།

ཕྱག་བསྐོར་མོས་འདུན་བསྐྱེད་པའི་དགེ་སེམས་དང་།།

ཚོགས་དང་བསྙེན་བཀུར་འབུལ་བའི་གཏོང་ཕོད་ཅན།།

དད་འདུན་སྙིང་གར་སྦྱོར་བའི་ཡོན་བདག་རྨད།།

 

སྒོ་གསུམ་སྙིང་གར་སྦྱར་བའི་མཐུ་སྟོབས་ལས།།

བླ་མ་ལྷ་དང་ཚོགས་ཀུན་མཉེས་གྱུར་ནས།།

སྒྲུབ་ཆེན་བསྟོད་པའི་ཚིག་གི་མེ་ཏོག་འདི།།

རང་སེམས་གུར་གྱི་ཕུ་ནས་གུས་པས་ཀློད།།

2016.9.22ཉིན་བྲིས།

35 34 33 32 31 30 29 28 27 26  24 23 22 21 20 19 18 17 16 15 13  11 10 09 08 07 06 05 04 03 02 01

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།