བོན་འབངས་ཡོངས་ལ་བཏང་བའི་རྩོམ་བསྡུའི་གསལ་བརྡ།

སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་སྐུ་ཚེ་སྐལ་བརྒྱར་བརྟན་ཞིང་།ངེད་དད་འབངས་ཁྲི་སྟོང་མང་པོའི་སྐྱབས་དང་དཔུང་གཉེན་དུ་ཇི་སྲིད་འཚོ་བའི་བར་དུ་བཞུགས་ཆེད།ད་རེས་མཚོ་སྔོན་ཕྱོགས་ཀྱི་དགོན་སྡེ་དང་བླ་གྲྭ་ཁག་གཙོར་མཛད་ནས་ཕྱོགས་ཀུན་གྱི་སློབ་འབངས་ཡོངས་ཀྱིས་ཟླ་འདིའི་ཚེས་བཅོ་ལྔ་ཉིན་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་བརྟན་བཞུགས་རྒྱ་ཆེར་འབུལ་རྒྱུ་ཡིན་པས།འདིར་ཁོང་རིན་པོ་ཆེ་ལ་མོས་གུས་དད་གསུམ་དང་དགའ་མགུ་ཡི་རངས་ཡོད་པའི་རྩོམ་པ་པོ་ཡོངས་ལ་ཆེད་དུ་ཞུ་དོན།ང་ཚོས་ཀྱང་དམ་པ་ཁོང་ཚང་གི་རླབས་ཆེ་བའི་མཛད་རྗེས་ལ་བསྟོད་བསྔགས་ལན་གཅིག་ཕུལ་ན་ཅིས་མི་ཆོག།དེའི་ཕྱིར་ན་༼རྟག་བརྟན་གཤེན་གྱི་ལྷ་རྔ་༽ཞེས་ཁ་བྱང་གཅིག་པའི་རྩོམ་གྱི་ཕུང་པོ་ཞིག་བསྡུ་གྲབས་ཡོད་པས་ཆེད་དུ་བརྩོ་བརྡ་འདི་ཕུལ་བ་ཡིན།རྩོམ་དག་ངེས་པར་དུ་ཚིགས་བཅད་ཡིན་དགོས་ཤིང་ཚེག་བར་དགུ་ནས་བཅུ་གཅིག་ཡིན་དགོས།མང་ཉུང་ནི་ཤོ་ལོ་ཀ་གཉིས་ཡིན།རྩོམ་བསྡུ་བའི་དུས་ཡུན་ནི་དེ་རིང་ནས་བཟུང་ཟླ་འདིའི་ཚེས་བཅོ་ལྔའི་བར།མཇུག་མཐར་རྩོམ་ཚང་མ་ཕྱོགས་གཅིག་ཏུ་དྲིལ་ནས་རེབ་གོང་བོན་མང་དྲ་ཚིགས་སུ་འགོད་རྒྱུ་ཡིན།
རྩོམ་བསྐུར་ཡུལ་གྱི་སྐད་འཕྲིན་སྦྲེལ་གནས།
མང་བུ།  danzeng3551

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།