ལྕགས་ཡོས་ལོའི་རེབ་གོང་བོན་བརྒྱ་དགོན་པའི་གོས་སྐུ་ཆེན་མོ།

ལྕགས་ཡོས་ལོའི་རེབ་གོང་བོན་བརྒྱ་དགོན་པའི་གོས་སྐུ་ཆེན་མོ།
དགེ་བཤེས་ཡེ་ཤེས་བློ་གྲོས།

ལྕགས་ཡོས་ལོའི་ཟླ་དང་པོའི་ཚེས་ལྔའི་ཉིན་གྱི་རེབ་གོང་བོན་བརྒྱ་དགོན་པའི་གོས་སྐུ།

   ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་ནི་རྗེ་མཉམ་མེད་རིན་པོ་ཆེའི་འདས་མཆོད་ཀྱི་ཉིན་མོ་རེད་ལ། ཉིན་འདིའི་ཞོགས་པར་མདོ་སྨད་བྱང་རྒྱུད་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགེ་འདུན་པ་ཡོངས་ཀྱིས་དུས་ཆེན་གྱི་འགྲོ་རིམ་ལྟར་འདོན་པ་གསུངས་ཤིང་སེར་ཕྲེང་གི་འགོ་ནས་སྐྱབས་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་རང་དགོན་ལྔ་རིག་གཞུང་ཆེན་བཤད་སྒྲུབ་སློབ་གླིང་གི་རྒྱུགས་སྤྲད་པའི་སློབ་མ་རྣམས་ལ་བྱ་དགའ་གནངས། དེའི་རྗེས་སུ་དགེ་འདུན་པ་ཡོངས་སེར་ཕྲེང་ལ་ཕེབས་ཤིང་གོས་སྐུའི་ཞལ་ཕྱེ་ནས་འདོན་མཆོད་གྲུབ་པར་མཛད་རྗེས། གོས་སྐུའི་མདུན་ནས་བོན་མདོ་སྔགས་རྫོགས་གསུམ་གྱི་རྩོད་པའི་དམ་བཅའ་བཙུགས། ཕྱི་དྲོར་དུས་ཆེན་གྱི་འགྲོ་རིམ་ལྟར་འདོན་པ་གྱེར་པ་དང་དགོང་མོར་མཚན་འཕེན་དམ་བཅའ་བཙུགས་ནས་མཇུག་ཡོངས་སུ་གྲུབ་པར་མཛད་དོ། །

1 2 3 4 5 6 7 8 9 10 11 12 13 14

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།