རེབ་གོང་གླིང་བརྒྱའི་བོན་ཚང་མའི་སྲིད་པའི་བརྔན་བསང་ཆེན་མོ།

རེབ་གོང་གླིང་བརྒྱའི་བོན་ཚང་མའི་སྲིད་པའི་བརྔན་བསང་ཆེན་མོ།
ཁྱུང་དཀར་ཟླ་བ།

      རེབ་གོང་གླིང་བརྒྱའི་བོན་ཚང་མའམ་ས་སོ་མའི་སྲིད་པའི་བརྔན་བསང་ཆེན་མོ་འདི་ནི། 1995ལོའི་ལོ་སར་ཚེས་པ་བཅུ་བདུན་ཉིན་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་ཕྱག་ཕེབས་གནང་སྟེ། སྤྱིར་འཛམ་བུ་གླིང་གི་མི་ཕྱུགས་ཀུན་དང་ཁྱད་པར་དུ་སྡེ་འདིའི་ནད་མུག་མཚོན་གསུམ་ཞི་བར་བྱེད་པ་དང་བྱད་ཁ་ཕུར་ཁ་བཟློག་པ། ཚེ་བསོད་མངའ་ཐང་དར་ཞིང་རྒྱུ་འབྱོར་ལོ་ཕྱུགས་ལེགས་པའི་རྟེན་འབྲེལ་དུ་ཤར་ཕྱོགས་ལམ་དཀར་པོའི་གཡས་ཟུར་དང་དར་ལྡིང་རི་ཡི་མདུན་ཞོལ། འཇའ་མོ་ཞིང་གི་གོང་རོལ་ནས་སྨྲ་བསམ་བརྗོད་ལས་འདས་པའི་ལྷ་བསང་ཆེན་མོ་ཕུལ་བ་དང་། ཚེ་བསོད་ཀླུང་རྟའི་དར་ལྕོག་ཁོར་ར་ཁོར་ཡུག་ཀུན་ཏུ་འཐེན་པ་སོགས་ཀྱི་ཆོ་ག་ཕུན་སུམ་ཚོགས་པར་སྤེལ། དེ་ནས་བཟུང་ལོ་རེའི་ལོ་སར་ཚེས་པ་བཅུ་བདུན་ཉིན་སྡེ་འདིའི་སྐྱེ་ཕོ་མོ་རྒན་གཞོན་ཀུན་གནས་འདིར་འཚོགས་ཏེ་སྲིད་པའི་བརྔན་བསང་ཆེན་མོ་འགྱོགས་པ་ཡིན་ནོ། །

1 3 4 5 6 7 8 9 10 2

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།